མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟླ་ཕོགས་རང་བཞིན་གྱི་ཡོང་སྒོས་མཚོ་སྔོན་གྱི་ཞིང་བའི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱེད་པར་ནུས་པ་མངོན་གསལ་ཐོན་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-28 10:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་སྤྱི་ཁྱབ་བརྟག་བཤེར་རུ་ཁག་གིས་ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཀྱི་ཡོང་སྒོ་དང་འགྲོ་སོང་དཔེ་འཐེན་བརྟག་བཤེར་གཞི་གྲངས་ལས་མངོན་པ་ལྟར་ན། 2013ལོར། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་སྡོད་མངས་ཀྱི་མི་རེའི་ཆ་སྙོམས་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་སྒོར2347.46ལ་སླེབས་པ་དང་དུས་མཉམ་ལས17.98%འཕར་ཡོད། ཟླ་ཕོགས་རང་བཞིན་གྱི་ཡོང་སྒོས་ལོ་ཧྲིལ་བོས་ཡོང་སྒོ་རྐྱང་བའི37.88%ཟིན་པ་དང་། དེས་ལོ་ཧྲིལ་བོའི་ཡོང་སྒོ་རྐྱང་བ་འཕར་ཚད་ཁྲོད་ཀྱི430.00%ཟིན་ཡོད་པས། ཞིང་བའི་ཡོང་སྒོ་འཕར་བར་བྱེད་ནུས་མངོན་གསལ་ཐོན་ཡོད།

དབྱེ་ཞིབ་བྱས་པར་གཞིགས་ན། མཚོ་སྔོན་གྱི་ཞིང་སྡེའི་སྡོད་དམངས་ཀྱི་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་འཕར་བའི་རྒྱུ་རྐྱེན་གཙོ་བོ་ནི། ས་ཁུལ་སོ་སོའི་ཞིང་སྡེ་གསར་བ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་བཏང་བ་དང་བསྟུན། ཁང་རྙིང་བསྒྱུར་བཅོས་དང་བྱ་དགའི་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན། འབྲེལ་ཡོད་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བཅས་གྱི་ལས་གཞི་ཇེ་མང་དུ་སོང་བ་དང་། རྫོང་ཁོངས་བཟོ་ལས་ར་བ་ཁུལ་གསར་སྤེལ་འཛུགས་སྐྲུན་སོགས་ལས་བཟོ་བའི་དགོས་མཁོ་ཇེ་མང་ལ་སོང་བ་དེས་ས་གནས་ཞིང་སྡེའི་ངལ་རྩོལ་པར་སྔར་ལས་མང་བའི་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ཏེ། ས་གནས་སུ་རྩོལ་ལས་སུ་ཞུགས་ཚད་ཇེ་མང་དང་རྩོལ་ལས་ཀྱི་མ་རྩ་ཇེ་ཉུང་དུ་སོང་ལ། ཟླ་ཕོགས་ཆུ་ཚད་ཇེ་མཐོར་སོང་བ་བཅས་ཀྱིས་ཞིང་སྡེའི་སྡོད་དམངས་ཀྱི་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་མགྱོགས་མྱུར་ངང་ཇེ་མཐོར་སོང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག