མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ས་གནས་སོ་སོའི་དམག་དཔུང་གི་གཞི་རིམ་དཔོན་དམག་དང་སྤྱི་བདེ་ཉེན་རྟོག་ལ་འཚམས་འདྲི་བྱེད་པར་སོང་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མངག་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ས་གནས་སོ་སོའི་དམག་དཔུང་བཅའ་སྡོད་བྱེད་ས་དང་སྤྱི་བདེ་མངག་གཏོང་ཁང་དུ་སོང་ནས། མཚོ་སྔོན་དུ་སྡོད་པའི་དམག་དཔུང་དང་། དྲག་ཆས་ཉེན་རྟོག་གཞི་རིམ་དཔོན་དམག སྤྱི་བདེ་ཉེན་རྟོག་པ་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། ཁོ་ཚོར་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུས།

ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་སྟོང་སྐོར་རྫོང་ཁྲིན་ཀོན་མངག་གཏོང་ཁང་དུ་སོང་ནས། གཞི་རིམ་གྱི་སྤྱི་བདེ་ཉེན་རྟོག་པར་འཚམས་འདྲི་བྱས་པ་དང་ཁོ་ཚོར་མཛའ་བརྩེའི་གླེང་མོལ་བྱས། ལོ་ཧོས་ཉིན་ད་དུང་སྟོང་སྐོར་རྫོང་པོ་ཧྭང་ཞང་ཧུའུ་སི་ཏུང་སྡེ་བའི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་རྒན་པ་ཏུང་ཡུང་ཧྲིན་ལ་འཚམས་འདྲི་བྱེད་དུ་སོང་།

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན་ཞིང་ཆེན་དམག་ཁུལ་གྱི་ཁོངས་གཏོགས་འབྲེལ་ཡོད་དམག་དཔུང་དུ་སོང་ནས། གཞི་རིམ་གྱི་དམག་མིར་འཚམས་འདྲི་བྱས། ཧའོ་ཕིན་གྱིས་བཤད་རྒྱུར། ཚང་མས་དམག་དོན་སྦྱོང་བརྡར་དང་དམག་གྲབས་ཞབས་འདེགས་སོགས་ཀྱི་བྱ་བར་ཤུགས་སྣོན་པའི་ཞོར་དུ། ཧུར་ཐག་གིས་ས་གནས་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ཁྲོད་ཞུགས་ནས། ལས་འགན་ལྗིད་མོ་དང་ཉེན་ཁ་ཆེ་བའི་ལས་འགན་ཕྲག་ཏུ་ཁུར་ནས། མི་དམངས་དམག་དཔུང་གི་སྣང་བརྙན་བཟང་བོ་མངོན་ཟེར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་སྔ་གཞུག་ཏུ་སྐམ་དམག་གྲ་སྒྲིག་དམག་ཞབས་རྐང་དམག་སྟོང་ཤོག་སྒྱོགས་དམག་མདའ་ཤོག་དང་ཕེན་ཨན་རྫོང་སྤྱི་བདེ་མེ་གསོད་རུ་འབྲིང་དུ་སོང་ནས། དཔོན་དམག་རྣམས་དང་ཁ་བརྡ་བྱས་པ་དང་། ཁོ་ཚོའི་འཚོ་བ་དང་སྦྱོང་བརྡར། བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། གཞི་རིམ་གྱི་དཔོན་དམག་ཚོར་ལོ་སར་གྱི་སྨོན་འདུན་ཞུས།

བསྟུད་མར་ཉིན་འགའི་རིང་། ལོ་ཡུས་ལིན་མགོ་ལོག་ཡན་ལག་དམག་ཁུལ་དང་། དྲག་ཆས་མགོ་ལོག་ཡན་ལག་རུ་ཁག མགོ་ལོག་ཁུལ་སྤྱི་བདེ་ཅུའུ་བཅས་སུ་སོང་བ་དང་། ཅི་ཏིས་མཱ་ཅ93987དམག་དཔུང་དང་། རྡོ་རྗེ་རབ་བརྟན་དྲག་ཆས་ཧའེ་ཡན་རྫོང་རུ་འབྲིང་། ཝང་ལིན་ཅོན་ན་གོར་མོ་གྲོང་ཁྱེར་གྱི62250དམག་དཔུང་། ཝང་ཞའོ་ཆིན་ཞིང་ཆེན་སྤྱི་བདེ་ཐིན་ཉེན་སྲུང་ཅུའུ། ཀྲང་ཀོང་རོང་དྲག་ཆས་དམག་དཔུང་ག་གེ་མོའི་རྨ་ལྷོ་ཁུལ་དུ་སྡོད་པའི་སྦྱོང་བརྡར་དམག་དཔུང་དང་དྲག་ཆས་རྨ་ལྷོ་ཁུལ་ཡན་ལག་རུ་ཁག རྨ་ལྷོ་ཁུལ་སྤྱི་བདེ་ཅུའུ་རོང་བོ་གྲོང་བརྡལ་མངག་གཏོང་ཁང་། ཝང་ཞའོ་བཅིངས་འགྲོལ་དམག་གི་སྨན་ཁང་བཞི་བ་དང་། སུའུ་ཉིན96374དམག་དཔུང་། མའོ་ཞའོ་པེན་སྤྱི་བདེ་མཐའ་སྲུང་དམག་དཔུང་བཅས་སུ་སོང་ནས། དམག་དཔུང་གི་དཔོན་དམག་དང་སྤྱི་བདེ་ཉེན་རྟོག་པར་འཚམས་འདྲི་བྱས་པར་མ་ཟད། ཚང་མར་ལོ་སར་གྱི་སྨོན་འདུན་ཞུས།

རྒྱ་ཆེའི་དཔོན་དམག་དང་སྤྱི་བདེ་ཉེན་རྟོག་རྣམས་ཀྱིས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཀྱི་ཐུགས་ཁུར་ལ་བཀའ་དྲིན་ཞུས་པ་དང་། ཁོ་ཚོས་ལང་ལོང་གིས་ལོ་གསར་བའི་ནང་། རང་འགུལ་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་བཏོན་པའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བྱེད་པ། ཧུར་ཐག་གིས་ཁུལ་གསུམ་གསར་སྐྲུན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུནབྱེད་པའི་འཐབ་ཇུས་ལས་འགན་ཕྲག་ཏུ་ཁུར་བ་དང་། རང་སྟེང་གི་འཛུགས་སྐྲུན་དམ་འཛིན་བྱེད་པ། ཧུར་ཐག་གིས་ས་གནས་འཕེལ་རྒྱས་ཁྲོད་ཞུགས་པ་བཅས་བྱས་ནས། འགུལ་སྐྱོད་དངོས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུགས་ཁུར་གནང་བར་དྲིན་ལན་འཇལ་རྒྱུའི་ཚུལ་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག