མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྐོར་དང་པོ་སྤྱི་བསྡོམས་དང་སྐོར་གཉིས་པའི་སྐུལ་སློང་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྐོར་དང་པོ་སྤྱི་བསྡོམས་དང་སྐོར་གཉིས་པའི་སྐུལ་སློང་གྲོས་ཚོགས་ཚེས་ཉེར་དྲུག་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཁོས་ཀྲུང་དབྱང་སློབ་གསོ་ལག་ལེན་བྱ་འགུལ་སྐོར་དང་པོ་སྤྱི་བསྡོམས་དང་སྐོར་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་དང་ནང་སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱེད་དགོས་པ་དང་། འགན་ཁུར་ཚད་མཐོན་པོས་གཅིག་གྱུར་གྱི་འཆར་གཞི་འགོད་པ་དང་། ཕྱོགས་བསྡུས་ལག་བསྟར་བྱེད་པ། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཚད་གཞི་མཐོ་ཞིང་། རྒྱུ་སྤུས་བཟང་བོའི་སྒོ་ནས་སྤེལ་ཏེ། ས་ཁུལ་གསུམ་གསར་སྐྲུན་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་དབྱང་ལྟ་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་དྲུག་པའི་ཚན་གཙོ་དབྱང་ཁྲུན་ཧོས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད། ཧྲིན་ཀྲང་ཧའོ་ཕིན་དང་། ཀྲུང་དབྱང་ལྟ་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་དྲུག་པའི་ཚན་གཙོ་གཞོན་པ་ལིས་ཡུག་ཚེ་གྲོས་ཚོགས་སུ་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་ཕྱི་དྲོའི་ཚོགས་ཐོག་ནས་སྤྱི་བསྡོམས་གཏམ་བཤད་གནང་།

ལོ་ཧོས་ཉིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་ནས་གྲུབ་འབྲས་གལ་ཆེན་བླངས་པ་མ་ཟད་ཉམས་མྱོང་མང་པོ་བསགས་ཡོད། ང་ཚོས་སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་དགོས། ང་ཚོས་ངེས་པར་དུ་དམ་འཛིན་བཟང་བོ་བྱས་ནས། བྱ་འགུལ་སྤེལ་བའི་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། སྤྱོད་སྟངས་བཟང་བོས་དམངས་སྲོལ་དང་སྤྱི་ཚོགས་ཀྱི་གོམ་སྲོལ་བཟང་བོ་ཞིག་ཆགས་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

ལོ་ཧོས་ཉིན་གྱིས་གཟབ་ནན་གྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་ནས་མང་ཚོགས་ཡིད་ཚིམ་པའི་ནུས་པ་ཐོན་པར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་འབྲེལ་གཏུག་བྱེད་ས་བཙུགས་ནས། ཁ་གཏད་མཛུབ་སྟོན་གྱི་བྱ་བ་ལག་བསྟར་བྱེད་དགོས། བྱ་འགུལ་གྱི་ལྟ་ཞིབ་བྱ་བར་ཤུགས་བསྣན་ནས་ཁོར་ཡུག་ཅུང་བཟང་བོ་ཞིག་བསྐྲུན་དགོས་པ་དང་། གཅིག་གྱུར་གྱིས་འཆར་གཞི་འགོད་པའི་བྱ་བ་དམ་འཛིན་བྱས་ནས། བྱ་འགུལ་བདེ་བླག་ངང་སྤེལ་བ་དང་ཕན་འབྲས་དངོས་ལེན་པར་ཁག་ཐེག་བྱས་ཏེ། བྱ་བ་སྣ་ཚོགས་ཐད་གྲུབ་འབྲས་གསར་བ་ལེན་དགོས་ཞེས་ནན་གྱིས་བསྟན།

དབྱང་ཁྲུན་ཧོས་ཀྱིས་གཏམ་བཤད་སྐབས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་ཐད་ཕན་འབྲས་མངོན་གསལ་བླངས་ནས། ཅུང་བཟང་བོའི་སྒོ་ནས་རང་སྐྱོན་སེལ་བ་དང་། བྱ་སྤྱོད་དྲང་མོ། རང་སྐྱོན་རང་སེལ། རང་སྐྱོན་ཡོ་བསྲང་བཅས་བྱེད་པའི་དམིགས་འབེན་དུ་བསླེབས་པ་དང་། ངོས་ཟིན་གྲུབ་འབྲས་དང་། ལག་ལེན་གྲུབ་འབྲས། ལམ་ལུགས་གྲུབ་འབྲས་སྐོར་ཞིག་བླངས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་གཟེངས་བསྟོན་ཐོབ། སྐོར་དང་པོའི་བྱ་འགུལ་གྱི་ཕན་འབྲས་ལྡན་པའི་བྱེད་ཐབས་ཇེ་བརྟན་དང་བཀོལ་སྤྱོད་བཟང་བོ་བྱས་ནས། ནན་ཏན་སྒོས་སྐོར་གཉིས་པའི་བྱ་འགུལ་རྩ་འཛུགས་བཟང་བོ་བྱས་ནས་སྤེལ་དགོས་པ་དང་། གཞི་རིམ་གྱི་ལས་བྱེད་པ་དང་འབྲེལ་གཏུག་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མང་ཚོགས་ཟབ་ཞུགས་བྱེད་པའི་བརྩོན་སེམས་སྐུལ་ཏེ། སྔར་ལས་དག་ཐེར་བཅོས་སྐྱོང་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པའི་བྱ་བ་དངོས་འབེབས་བྱེད་པར་ཡིད་འཇོག་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པའི་བློ་མཐུན་རྒན་པ་དང་ཉེ་བའི་ལོ་ལྔའི་རིང་ལ་མགོ་ཁྲིད་ལས་གནས་ནས་བྲལ་བའི་ཞིང་ཆེན་གཞོན་པ་རིམ་པའི་བློ་མཐུན་རྒན་པ། ཁུལ་དང་གྲོང་ཁྱེར་སོ་སོའི་ཏང་སྲིད་མགོ་ཁྲིད་དང་པོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། དེ་མིན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་དང་། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་གཞི་རིམ་གྱི་འཐུས་མི་སོགས་གྲོས་ཚོགས་སུ་ཞུགས།

གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་ཏང་ཨུ་དང་། དམངས་འཐུས་ཚོགས་ཆེན། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་མགོ་ཁྲིད་ཚན་ཁག་དང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་དཔོན་པོ། པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོའི་གཞུང་སྒྲུབ་ཁང་དང་། ཁེ་ལས་ལས་དོན་ལས་ཁུངས་དང་དེ་མིན་ཞང་དང་གྲོང་རྡལ་བཅས་ཀྱི་འགན་ཁུར་བློ་མཐུན་ས་དེའི་ཡན་ལག་ཚོགས་རའི་གྲོས་ཚོགས་སུ་ཞུགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག