མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

ཝང་ཞའོ་ཡིས་ཞིང་ཆེན་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་བྱ་བའི་ཆོད་སེམས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། ཆོད་སེམས་དེ་ནི་རང་རྒྱལ་ཉོ་ཚོང་རྒྱལ་ཁབ་ཆེན་པོ་རུ་དར་རྒྱས་སུ་འགྲོ་བའི་དུས་སྐབས་སུ་བྱུང་བ་དང་། མཚོ་སྔོན་གྱི་སྒྲིག་གཞི་རང་བཞིན་མགྱོགས་མྱུར་སྒོས་འཕར་སྣོན་བྱུང་བ་འི་དུས་སྐསས་སུ་བྱུང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིོད་བརྟན་པོའི་འོག་བྱུང་བ་དང་། ཚོང་དོན་བྱ་བའི་རྨང་གཞི་བརྟན་པོའི་འོག་བྱུང་བ་ཞིག་ཡིན་ཟེར།

ཝང་ཞའོ་ཡིས་ཡང་དག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་བྱ་བའི་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་དགོས་པ་སྟེ། གཅིག་ནས་དགོས་མཁོའི་དོ་དམ་དང་འདོན་སྤྲོད་ཀྱི་དོ་དམ་བྱ་བ་གཅིག་གྱུར་བྱེད་པར་དོ་སྣང་བྱ་དགོས། གཉིས་ནས་ཉོ་ཚོང་གི་མ་རྩར་ཚོད་འཛིན་ལེགས་པོ་བྱ་དགོས། གསུམ་ནས་ཚོང་རའི་ཆོས་ཉིད་དང་སྤྱི་བའི་ཆོས་ཉིད་ཁོང་དུ་ཆུད་པར་བྱ་དགོས། བཞི་ནས་ལག་རྩལ་དང་ལམ་ལུགས་ཀྱི་ཐབས་ལམ་བེད་སྤྱོད་བཟང་བོ་བྱ་དགོས། ལྔ་ནས་ཚོང་རའི་གཞི་ཁྱོན་དང་སྒྲིག་གཞིའི་གཞི་ཁྱོན་འདོན་སྤེལ་ལེགས་པོ་བྱ་དགོས། དྲུག་ནས་ཚོང་ར་འཛུགས་ཡུལ་དང་ཉོ་ཚོང་གི་ཐབས་ལམ་ལ་དོ་སྣང་བྱ་དགོས་པ་བཅས་ཀྱི་་རེ་བ་བཏོན།

ཝང་ཞའོ་ཡིས་ཧུར་ཐག་སྒོས་མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་བྱ་བའི་གཞི་རྩའི་རེ་བ་དངོས་འབེབས་བཟང་པོ་བྱས་ནས་མུ་མཐུད་དུ་བྱ་བ་བསྒྲུབ་འདོད་པའི་གོམས་སྲོལ་བཟང་བོ་འདོན་སྤེལ་དང་། རྒྱུན་ཆད་མེད་པར་བྱ་བ་བསྒྲུབ་ཐུབ་པའི་ནུས་པ་དང་བྱང་ཚད་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ནས2013ལོའི་ཞིང་ཆེན་ཡོངས་ཀྱི་ཚོང་དོན་བྱ་བ་སྤྱི་བསྡོམས་བྱས་པ་མ་ཟད། 2014ལོའི་བྱ་བ་བཀོད་སྒྲིག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག