མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་ཕྱོགས་བརྒྱད་ཀྱི་ཐད་ནས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དམ་འཛིན་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་བརྒྱད་ཀྱི་ཐད་ནས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དམ་འཛིན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་འཐབ་ས་གཙོ་བོའི་ནུས་བ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་རླུང་ཁམས་དང་ཙོང་ཆུའི་བཅོག་བཟོའི་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་པ་དང་། རླུང་ཁམས་བཙོག་བཟོའི་བཅོས་སྐྱོང་ཐད་ནས། ནུས་ཤུགས་ཡོད་རྒུས་མཇུག་རླངས་གཏོང་ཚད་མཐོ་བའི་རླངས་འཁོར་མེད་པར་གཏོང་བ་དང་སོལ་བསྲེགས་ཁྲོ་ཐབ་བསྒྱུར་བཀོད་བྱེད་པ། སྣུམ་གྱི་རྒྱུ་སྤུས་ཇེ་མཐོར་གཏོང་བ། བཟོ་ལས་བཙོག་བཟོའི་མགོ་ཁུངས་ལ་བཅོས་སྐྱོང་གཏིང་ཟབ་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན་པ་དང། ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུ་བཙོག་བཟོ་བཅོས་སྐྱོང་ཕྱོགས་ནས། དུས་བཅད་གཏན་འཁེལ་བྱས་ནས་བཅོས་སྐྱོང་བྱེད་རྒྱུ་ཡིན་པའི་བཙོག་ཆུ་འབུད་ཚད་མཐོ་བའི་ཁེ་ལས་གཙོ་བོ་བཅུ་དྲུག་ལ། ལོའི་ཚུན་དུ་ངེས་པར་དུ་བཙོག་ཆུ་ཐག་གཅོད་བྱེད་པའི་སྒྲིག་ཆས་ཀྱི་རིམ་པ་སྤར་བ་དང་བསྒྱུར་བཀོད་བྱེད་པའི་འཛུགས་སྐྲུན་ཡོངས་འགྲུབ་བྱེད་རྒྱུ་ཡིན་པར་མ་ཟད། བཙོག་ཆུ་ཕྱོགས་བསྡུས་ཀྱིས་ཕྱིར་འབུད་པའི་ཚད་གཞི་ལག་བསྟར་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག