མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ས་ཞིང་ཤོར་བའི་ཞིང་བའི་རྒན་གསོ་འགན་སྲུང་ལམ་ལུགས་ལག་བསྟར་བྱེད་པའི་མགོ་བཟང་པོ་བརྩམས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་གཞུང་བསྡུ་བྱས་པའི་རོང་འབྲོག་པའི་སྤྱི་ཚོགས་རྒན་གསོའི་འགན་སྲུང་ལམ་ལུགས་དེ། 2013ལོར་ལག་བསྟར་བྱེད་མགོ་བརྩམས་ནས་ལོ་གཅིག་གི་རིང་ལ། ལག་བསྟར་གནས་བབ་ཧ་ཅང་བཟང་། ན་ནིང་གི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་ས་ཞིང་གཞུང་བསྡུ་བྱས་པའི་ཞིང་བའི་སྤྱི་ཚོགས་རྒན་གསོའི་འགན་སྲུང་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་བསྡུ་གསོག་བྱས་པ་དང་། འགན་སྲུང་གི་ཆ་རྐྱེན་དང་མཐུན་པའི་ས་ཞིང་གཞུང་བསྡུ་བྱས་པའི་ཞིང་བ་ཚང་མ་སྤྱི་ཚོགས་འགན་སྲུང་གི་ཁྱབ་ཁོངས་ཁྲོད་བཞག་པས། ས་ཞིང་གཞུང་བསྡུ་བྱས་པའི་ཞིང་བ་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། ས་ཞིང་གཞུང་བསྡུ་བྱེད་པའི་བྱ་བ་སྔར་ལས་འཆམ་མཐུན་ངང་སྤེལ་ཐུབ་པ་བྱུང་།

2013ལོའི་ལོ་མགོར། མཚོ་སྔོན་ཞིང་ཆེན་གྱིས་ས་ཞིང་གཞུང་བསྡུ་བྱས་པའི་ཞིང་བའི་སྤྱི་ཚོགས་རྒན་གསོའི་འགན་སྲུང་གི་སྒོར་མོ་སྤྲོད་པའི་ལམ་ལུགས་ནང་དོན་གཙོ་བོ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་བསྡུ་ལེན་བྱས་པའི་ཞིང་བའི་སྤྱི་ཚོགས་རྒན་གསོའི་འགན་སྲུང་ལམ་ལུགས་ཐོག་མར་ལག་བསྟར་བྱེད་མགོ་བརྩམས་ནས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་ནས་མགོ་ཁྲིད་ལས་ཁུངས་དང་འཁོར་སྐྱོད་ནང་རྐྱེན་བཙུགས་པ་དང་། ས་ཞིང་གཞུང་བསྡུ་བྱས་པའི་ཞིང་བའི་སྤྱི་ཚོགས་རྒན་གསོ་འགན་སྲུང་བྱ་བའི་ཁྲོད་བཙུགས་པའི་ས་ཞིང་གཞུང་བསྡུ་བྱས་པའི་ཞིང་བས་འགན་སྲུང་དངུལ་སྐར་གཅིག་ཀྱང་སྤྲོད་མི་དགོས་བར། ཡོངས་རྫོགས་སྲིང་གཞུང་དང་ས་ཞིང་བཀོལ་སྤྱོད་བྱེད་མཁན་གྱིས་སྤྲོད་པའི་བྱེད་ཐབས་འདིར་མཚོན་ན། རྒྱལ་ཡོངས་སུ་གསར་གཏོད་ཀྱི་ཁོངས་སུ་གཏོགས་པས། རྒྱལ་ཁོངས་ཐོན་ཁུངས་པུའུ་ཡི་ཁས་ལེན་གང་ལེགས་ཐོབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག