མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་གྱིས་གྲོང་རྡལ་འགན་སྲུང་སྡོད་ཁང་ཁྲི11.05གསར་འཛུགས་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-27 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་སྔ་མོ་ནས2014ལོའི་གྲོང་ཁྱེར་གྱི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ལས་གཞི་ཁྱིམ་ཚང10120ལག་བསྟར་བྱས་ཏེ། 2013ལོའི་ལོ་ཧྲིལ་བོའི་འཛུགས་སྐྲུན་དང་གནས་སྤོར་ལས་འགན་ཚད་བརྒལ་གྱིས་ལེགས་འགྲུབ་བྱས། 2008ལོའི་ཚུན་ནས་བཟུང་། བསྡོམས་པས་གྲོང་རྡལ་གྱི་འགན་སྲུང་རང་བཞིན་སྡོད་ཁང་དང་རིགས་སོ་སོའི་སྤྱིལ་ཁྱིམ་ཁུལ་འཛུགས་སྐྲུན་བྱས་པ་ཁྱིམ་ཚང་ཁྲི34ལ་སླེབས་པ་དང་། དེའི་ནང་ཁྱིམ་ཚང་ཁྲི28འཛུགས་སྐྲུན་ལེགས་འགྲུབ་བྱས་ཤིང་། ཁྱིམ་ཚང་ཁྲི16གནས་སྤོར་བྱས་ལ། སྡོད་ཁང་གླ་རིན་ཁ་གསབ་བྱས་པ་ཁྱིམ་ཚང་ཁྲི3.5ལ་སླེབས་ཡོད།

2014ལོའི་སྔོན་རྩིས་དམིགས་ཚད་གཙོ་བོ་ནི། གྲོང་རྡལ་ཅན་དུ་བསྒྱུར་ཚད50%ཡིན་པ་དང་དེ2013ལོ་དང་བསྡུར་ན་བརྒྱ་ཆའི་ཆ1.5འཕར་ཡོད། གྲོང་རྡལ་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཁྱིམ་ཚང་ཁྲི11.05(དེའི་ནངན་གྲོང་ཁྱེར་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ཁྱིམ་ཚང་ཁྲི9.02ཡོད)གསར་འཛུགས་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཁྱིམ་ཚང་ཁྲི7.98འཛུགས་སྐྲུན་བྱས་ཏེ། ཁྱིམ་ཚང་ཁྲི7.03གནས་སྤོར་བྱེད་རྒྱུ་རེད། གླ་རིན་དམའ་བའི་སྡོད་ཁང་ལ་གླ་རིན་ཁ་གསབ་བྱེད་པ་ཁྱིམ་ཚང5000གསར་སྣོན་བྱེད་རྒྱུ་ཡིན་པ་དང་། ཞིང་སྡེའི“སྡོད་ཁང་གཉིས”འཛུགས་སྐྲུན་ཁྱིམ་ཚང་ཁྲི6.5ལེགས་འགྲུབ་བྱེད་རྒྱུ་རེད།

སྡེ་བ་དང་གྲོང་རྡལ་འཛུགས་སྐྲུན་གྱི་ཐད་ལ། ད་ལོ་ནས་བཟུང་། མཚོ་སྔོན་གྱིས་ལོ་རེར་གཙོ་བོ“མཐོ་སྒང་གི་མཛེས་སྡུག་ཤང་སྡེ”300གསར་འཛུགས་བྱེད་རྒྱུ་ཡིན་པ་དང་། སྡེ་བ་འཛུགས་སྐྲུན་བཟོ་འགོད་དང་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་བཟོ་འགོད། ལས་དར་དམངས་ཕྱུག་བཟོ་འགོད་སོགས་ལག་བསྟར་བྱས་ནས་མགྱོགས་མྱུར་ངང་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། 2020ལོར་སླེབས་དུས་སྡེ་བའི་ཁོར་ཡུག་མཛེས་པ་དང་འཚོ་བར་བདེ་སྐྱིད་ལྡན་པ། ཁོར་ཡུག་ལེགས་པའི་མཐོ་སྒང་གི་མཛེས་སྡུག་ཤང་སྡེ་སྐོར་ཞིག་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག