མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-26 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཚེས25ཉིན་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་པ་དང་། རྩ་འཛུགས་བྱས་ནས་ཀྲུང་དབྱང་གིས་གསར་དུ་བཟོ་བཅོས་བྱས་ནས་བཀྲམས་པའི«ཏང་སྲིད་མགོ་ཁྲིད་ལས་བྱེད་པ་འདེམ་བསྐོ་བཀོལ་སྤྱོད་བྱེད་པའི་བྱ་བའི་སྲོལ་ཡིག»ལ་སློབ་སྦྱོང་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ནས་བསྟན་དོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་རྒྱབ་ལྗོངས་འོག་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་དེས་ཏང་དང་རྒྱལ་ཁབ་ཀྱི་ཆེ་ཕྱོགས་ལ་མཐོང་ཆེན་གནང་བ་དང་། ལོ་གཅིག་རིང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ཆམ་ཕབ་གཏོང་བའི་བྱ་བར་བླངས་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། དེས་ང་ཚོ་ཏང་གིས་སྤྱོད་སྟངས་བསྒྱུར་བ་དང་། རུལ་སུངས་ལ་ཆམ་ཕབ་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་ཡོད། ང་ཚོས་ནན་ཏན་སྒོས་གོ་བ་ཟབ་མོ་བླངས་ནས། རེ་བ་དང་ལས་འགན་སྣ་ཚོགས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་དུ་གཅིག་གྱུར་བྱེད་དགོས་ཟེར།

གྲོས་ཚོགས་ནས་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་ནང་རྐྱེན་བཅོས་སྒྱུར་བྱ་བའི་འབྲེལ་ཡོད་ལས་དོན་ཐད་ལ་གྲོས་ཞིབ་བྱས་པ་དང་། བཅོས་སྒྱུར་ཁྲོད་དུ་ཐུག་པའི་གནད་དོན་ལ་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྒྱུན་ཆད་མེད་པར་སྤྱི་བསྡོམས་བྱེད་པ་དང་འཐུས་ཚང་དུ་གཏོང་བ་དང་། བརྟན་འཇགས་དང་གཟབ་ནན་ངང་བྱ་བ་དེ་སྤེལ་དགོས་ཞེས་བསྟན།

གྲོས་ཚོགས་ནས་བསྟན་དོན། བཟོ་བཅོས་བྱས་རྗེས་ཀྱི«ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་འདེམ་བསྐོ་བཀོལ་སྤྱོད་བྱ་བའི་སྲོལ་ཡིག»ནི་ལས་བྱེད་པ་འདེམ་བསྐོ་བཀོལ་སྤྱོད་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པའི་གཞི་རྩའི་སྒྲིག་ལམ་ཡིན་ལ། མི་སྣ་འདེམ་བསྐོ་དང་བཀོལ་སྤྱོད་བྱེད་པའི་ཚུལ་མིན་སྤྱོད་སྟངས་རྩ་བ་ནས་བཅོས་སྐྱོང་བྱེད་པའི་ནུས་ཡོད་མཚོན་ཆ་ཡང་རེད། སྲོལ་ཡིག་དེས་ཏང་རྩ་འཛུགས་ཀྱིས་ལས་བྱེད་པ་འདེམ་བསྐོ་དང་བཀོལ་སྤྱོད་བྱེད་པའི་ཁྲོད་ཀྱི་མགོ་ཁྲིད་དང་དོ་དམ་གྱི་ནུས་པ་མཚོན་པ་དང་། ལས་བྱེད་པ་བཟང་བོའི་ཚད་གཞི་ཕུམ་སུམ་ཇེ་ཚོགས་སུ་གཏོང་བའི་དུས་རབས་ཀྱི་རྣམ་པ་མཚོན་ཞིང་། ལས་བྱེད་པ་བཀོལ་སྤྱོད་ཀྱི་ཁ་ཕྱོགས་ཡང་མཚོན་ལ། མཚམས་སྦྱོར་གྱི་རྒྱུ་སྤུས་ཇེ་མཐོར་གཏོང་བ་དང་། སྟབས་བདེའི་ངང་འདེམ་ཤོག་འཕེན་པ་ཙམ་ལ་བརྟེན་ནས་མི་འདེམ་པ་སོགས་ལ་སྔོན་འགོག་བྱེད་པའི་རེ་བ་མཚོན་ཡོད། སྲོལ་ཡིག་གིས་བསམ་བློ་གཅིག་གྱུར་དང་། བྱ་བ་ཚད་ལྡན་དུ་གཏོང་བ། གནད་དོན་ཐག་གཅོད་བྱས་ནས། སློབ་སྦྱོང་དང་དྲིལ་སྒྲོག་བྱ་བར་རྩ་འཛུགས་རྒྱ་ཆེན་པོ་བྱེད་དགོས་པ་དང་། གནས་ཚུལ་གསར་བ་དང་གནད་དོན་གསར་བར་ནན་ཏན་སྒོས་ཞིབ་འཇུག་བྱེད་པ། ལྟ་སྐུལ་ཞིབ་བཤེར་བྱ་བར་ཤུགས་བསྣན་ནས། ལག་བསྟར་བྱ་བ་དམ་འཛིན་བྱེད་དགོས་ཟེར།

གྲོས་ཚོགས་ནས«ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་བཞི་ལོའི་བྱ་བ་གཙོ་བོར»གྲོས་ཞིབ་བྱས་པ་དང་། དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག