མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ཁྲིམས་འཛུགས་འཆར་འགོད་བྱ་བའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-26 10:53

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ཁྲིམས་འཛུགས་འཆར་འགོད་བྱ་བའི་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2014ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞི་དང2014ལོའི་ལས་གཞི་མཆན་འགོད་བྱ་བའི་འཆར་གཞི་སྒྲིག་བཟོའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ད་ལོའི་ཁྲིམས་འཛུགས་འཆར་འགོད་བྱ་བ་དང་ལས་གཞི་མཆན་འགོད་བྱ་བའི་འཆར་གཞི་བཀོད་སྒྲིག་ལེགས་པོ་བྱས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲིན་ཧི་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ན་ནིང་གི་ཟླ9བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2014ལོའི་ཁྲིམས་འཛུགས་འཆར་འགོད་བྱ་བ་དང་ལས་གཞི་མཆན་འགོད་བྱ་བའི་ཇུས་གཞི་འཐེན་མགོ་བརྩམས་ནས། ཁྱོན་བསྡོམས་ཁྲིམས་འཛུགས་བྱ་བའི་རྣམ་གྲངས་བཅུ་གཉིས་དང་ཞིབ་འཇུག་ལས་གཞི་བཅུ་གཅིག མཆན་འགོད་ལས་གཞི་བརྒྱད་བཅས་བསྡུ་སྒྲིག་བྱས་པར་མ་ཟད། རྣམ་གྲངས་དེ་དག་ལ་ཞིབ་འཇུག་མཐུན་སྦྱོར་ཡོང་བར་འབད་འབུངས་བྱས་ཏེ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་ཉིས་སྟོང་བཅུ་བཞི་ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞི་དང་ལས་གཞི་མཆན་འགོད་བྱ་བའི་འཆར་གཞི་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཧྲིན་ཧི་ཡིས་བསྟན་དོན། ཚང་མས་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛུགས་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱས་ནས། བསམ་བློ་གཅིག་གྱུར་དང་ཚད་གཞི་མཐོན་པོས་ལག་བསྟར་ནན་མོ་བྱས་ཏེ། 2014ལོའི་ཁྲིམས་འཛུགས་བྱ་བ་བཟང་པོར་སྒྲུབ་དགོས་ལ། འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རྟོག་ཞིབ་ཀྱི་ལས་འགན་དུས་ལྟར་ཡོངས་འགྲུབ་བྱས་ཏེ། ཁྲིམས་འཛུགས་འཆར་གཞི་ལག་བསྟར་དངོས་འབེབ་བྱེད་པར་ཁག་ཐེག་བྱས་ནས། རྗེས་ཕྱོགས་ཀྱི་བྱ་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག