མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི7ལས་བརྒལ་བ་དང་ད་ལོར་འགྲིམ་འགྲུལ་ཐད་མ་དངུལ་སྒོར་དུང་ཕྱུར230གཏོང་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-26 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོར། མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་ལམ་ཐག་སྤྱི་ལེ4129གསར་སྣོན་བྱུང་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི7ལས་བརྒལ་ནས་སྤྱིའི་ལམ་ཐག་སྤྱི་ལེ70117ལ་སླེབས། ད་ལོར། མཚོ་སྔོན་གྱིས་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར230གཏོང་རྒྱུ་ཡིན་པ་དང་དུས་མཉམ་ལས20%འཕར་ཡོད། དེའི་ནང་གཙོ་གནད་གཞུང་ལམ་ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར197ལེགས་འགྲུབ་བྱས་ཤིང་། གཞུང་ལམ་སྤྱི་ལེ3735(མགྱོགས་བགྲོད་གཞུང་ལམ་སྤྱི་ལེ1983དང་རིམ་པ་དང་པོའི་གཞུང་ལམ་སྤྱི་ལེ315། རིམ་པ་གཉིས་པའི་གཞུང་ལམ་སྤྱི་ལེ1437)འཛུགས་སྐྲུན་བྱས།

གསར་འགོད་པས་ཟླ1པོའི་ཚེས25ཉིན་བསྡུས་པའི2014ལོའི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོར། མཚོ་སྔོན་འགྲིམ་འགྲུལ་གྱིས“ཁུལ་གསུམགྱི་དམིགས་ཚད་ལེགས་འགྲུབ་བྱེད་རྒྱུ་ཡིན་པ་དང་། མགྱོགས་མྱུར་ངང་ཕྱོགས་བསྡུས་འགྲིམ་འགྲུལ་དང་ལྗང་མདོག་འགྲིམ་འགྲུལ། ཤེས་དཔལ་འགྲིམ་འགྲུལ། བདེ་འཇགས་འགྲུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། ད་ལོའི་ལོ་མཇུག་བར་དུ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་མགྱོགས་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་ཕལ་ཆེར་མངོན་འགྱུར་བྱེད་རྒྱུ་རེད། ཤང་གྲོང12ལ་ཨར་འདམ་གཞུང་ལམ་ཤར་གཏོང་ཐུབ་པའི་བཟོ་འགོད་ལག་བསྟར་བྱེད་པ་དང་སྲིད་འཛིན་སྡེ་བ148ལ་ཨར་འདམ་གཞུང་ལམ་ཤར་གཏོང་ཐུབ་པའི་བཟོ་འགོད་ལག་བསྟར་བྱས་ནས་ཤང་གྲོང་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད96%ལ་སླེབས་པ་དང་སྲིད་འཛིན་སྡེ་བར་གཞུང་ལམ་ཤར་གཏོང་ཐུབ་ཚད82.3%ལ་སླེབས་རྒྱུ་རེད། རྫོང་རིམ་པའི་རླངས་འཁོར་ས་ཚིགས25དང་ཤང་གྲོང་རླངས་འཁོར་ས་ཚིགས53རྒྱ་བསྐྱེད་ཞིག་གསོ་བྱས་ཏེ། ཤང་གྲོང་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱེད་ཚད100%དང་སྲིད་འཛིན་སྡེ་བར་ཤར་གཏོང་ཐུབ་ཚད82%ལ་སླེབས་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག