མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི2013ལོའི་གྲོང་རྡལ་ཅན་དུ་བསྒྱུར་བའི་ཆུ་ཚད་ཕྱོངས་ཡོངས་ནས་ཇེ་མཐོར་སོང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-01-26 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། 2013ལོའི་ལོ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་གྲོང་རྡལ་གྱི་སྤྱི་འབོར་མི་གྲངས་ཁྲི280.3ལ་སླེབས་ཡོད་པ་དང་། 2012ལོའི་ལོ་མཇུག་གི་མི་གྲངས་ཁྲི271.92དང་བསྡུར་ན་ཇེ་མང་ལ་སོང་ཡོད། དེའི་ནང་ཟི་ལིང་གྲོང་ཁྱེར་གྱི་གྲོང་རྡལ་མི་གྲངས་ཁྲི153.74དང་། གྲོང་རྡལ་ཅན་དུ་བསྒྱུར་ཚད67.8%ལ་སླེབས་ཤིང་། གྲོང་ཁྱེར་གྱི་རྒྱུན་སྡོད་མི་གྲངས་ལོ་སྔོན་མ་ལས0.9%ཇེ་མང་ལ་སོང་ཡོད། གྲོང་རྡལ་ཅན་དུ་བསྒྱུར་ཚད་ཆེས་མཐོ་བ་ནི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཡིན་ལ70.06%ལ་སླེབས་ཡོད། གྲོང་ཁྱེར་གྱི་རྒྱུན་སྡོད་མི་གྲངས་ཐད་ནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2013ལོའི་རྒྱུན་སྡོད་མི་གྲངས་ཁྲི27.68ལ་སླེབས་ཡོད་པ་དང་། 2012ལོའི་མི་གྲངས་ཁྲི28.55དང་བསྡུར་ན3.05%ཇེ་དམའ་རུ་སོང་ཡོད། དེ་ལས་གཞན། གཞན་པའི་གྲོང་ཁྱེར་དང་ཁུལ་སོ་སོའི་རྒྱུན་སྡོད་མི་གྲངས་དག་ཚང་མ་ཇེ་མང་ལ་སོང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག