མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས2014ལོའི་སྐོར་དང་པོའི་སྨན་བཅོས་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.8བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-25 11:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས24ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གྱིས2014ལོའི་སྐོར་དང་པོའི་སྨན་བཅོས་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.8བཏང་།

རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ཀྱི་བླང་བྱ་ལྟར། ཐེངས་འདིའི་སྨན་བཅོས་རོགས་སྐྱོར་མ་དངུལ་དེ་ཤང་གྲོང་དུ་གཅིག་གྱུར་ངང་ལག་བསྟར་བྱེད་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱིས་ས་ཁུལ་སོ་སོའི་ཤང་གྲོང་གི་སྨན་བཅོས་རོགས་སྐྱོར་མི་གྲངས་དང་མ་དངུལ་བེད་སྤྱོད་བྱེད་ཚད། བྱ་བའི་ཕན་ནུས་རང་བཞིན་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ཏེ་མ་དངུལ་བགོ་སྤྲོད་བྱེད་རྒྱུ་རེད། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་ས་ཁུལ་སོ་སོས་ཤང་གྲོང་གི་སྨན་བཅོས་རོགས་སྐྱོར་བྱ་བའི་གོ་རིམ་དངོས་གནས་ཚད་ལྡན་དུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མ་དངུལ་དོ་དམ་ལ་ཤུགས་སྣོན་དང་ས་གནས་ཆ་སྡེབ་མ་དངུལ་དངོས་འབེབས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཤང་གྲོང་གི་དཀའ་ངལ་མང་ཚོགས་ལ་དུས་ལྟར་སྨན་བཅོས་རོགས་སྐྱོར་ཐོབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག