མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ལུགས་རྙིང་ལོ་གསར་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་བྱ་བར་ཤུགས་བསྣན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-25 11:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་ཁྱད་ཆོས་དང་ཆོས་ཉིད། ལུགས་རྙིང་ལོ་སར་སྐབས་ཀྱི་མགྲོན་པོ་མང་པོ་སྐྱེལ་འདྲེན་བྱེད་པའི་ཁ་ཕྱོགས་སོགས་ཟུང་དུ་སྦྲེལ་བ་དང་། འགྲིམ་འགྲུལ་བདེ་འཇགས་ཞིབ་བཤེར་ཞབས་ཕྱི་ས་ཚིགས་ནས་མགོ་བརྩམས་ཏེ། ཚན་རིག་ལྟར་བགྲོད་ལམ་དག་ཐེར་བྱེད་པ་དང་། ནུས་ལྡན་བྱེད་ཐབས་སྤྱད་དེ། བཅའ་ཁྲིམས་ལྟར་འགྲུལ་སྐྱེལ་རླངས་འཁོར་དང་། མྱུར་ཚད་ལས་རྒལ་ཏེ་རླངས་འཁོར་བསྐོར་བ། ཐང་ཆད་དེ་རླངས་འཁོར་སྐོར་བ། འཛིན་རྟགས་མེད་པར་རླངས་འཁོར་སྐོར་བ། ཆང་འཐུང་ནས་རླངས་འཁོར་སྐོར་བ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ངན་པར་རྩད་བཅད་དེ། བགྲོད་ལམ་བདེ་འཇགས་ངང་ཤར་གཏོང་བྱེད་པར་ཁག་ཐེག་བྱས། བརྙན་འཕྲིན་དང་། དྲ་འབྲེལ། ལག་འཁྱེར་ཁ་པར་བཅས་ཀྱི་འཕྲིན་ལམ་བརྒྱུུད་དེ། བདེ་འཇགས་དོགས་ཟོན་དྲིལ་སྒྲོག་བྱ་བ་སྤེལ་ནས། རླངས་འཁོར་ཁ་ལོ་བས་བདེ་འཇགས་ངང་རླངས་འཁོར་སྐོར་བའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ཞིང་། ཁྲིམས་དང་འགལ་ནས་རླངས་འཁོར་སྐོར་བའི་བྱ་སྤྱོད་མེད་པར་གཏོང་དགོས་པ་དང་། བདེ་འཇགས་ངང་རླངས་འཁོར་སྐོར་བ་དང་། དཔལ་ཡོན་ལྡན་པའི་སྒོ་ནས་རླངས་འཁོར་སྐོར་བ། གོ་རིམ་ལྡན་པའི་སྒོ་ནས་རླངས་འཁོར་བའི་འདུ་ཤེས་ཆགས་སུ་བཅུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག