མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་ནིང་གི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་སུ་འཐུས་མིས་བཏོན་པའི་གྲོས་གཞི་ལྔ་བརྒྱ་དང་སོ་གཅིག་ཡོངས་རྫོགས་བསྒྲུབས་ཟིན་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-25 11:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2013ལོའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་སྐབས་སུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་དམངས་མང་ཚོགས་ཀྱིས་དོ་སྣང་བྱེད་བཞིན་པའི་གནད་དོན་ལ་དམིགས་ནས། ཁྲིམས་ལྟར་ཞིང་ཆེན་ཡོངས་ཀྱི་ཕྱོགས་སོ་སོའི་འཕེལ་རྒྱས་དང་འབྲེལ་བའི་གྲོས་གཞི་ལྔ་བརྒྱ་དང་སོ་གཅིག་བཏོན་པ་དང་། ལོ་གཅིག་རིང་། འཐུས་མིའི་བཏོན་པའི་གྲོས་གཞི་ཡོངས་རྫོགས་བསྒྲུབས་ཟིན་པ་མ་ཟད། རྒྱུ་སྤུས་ན་ནིང་དང་བསྡུར་ན་ཇེ་མཐོར་སོང་བ་དང་གྲུབ་འབྲས་མངོན་གསལ་རེད།

ཞིང་ཆེན་སྲིད་གཞུང་སོགས་འགན་སྒྲུབ་ལས་ཁུངས་ཀྱིས་འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བར་ཧ་ཅང་མཐོར་ཆེན་བྱས་ཏེ། ཁ་པར་གྱིས་ལམ་ནས་འབྲེལ་གཏུག་བརྗེ་རེས་དང་ཁྱིམ་དུ་སོང་ནས་རྒྱུས་ལོན་བྱེད་པ། རྩ་འཛུགས་བྱས་ནས་བཞུགས་མོལ་བྱེད་པ། དངོས་སུ་ལག་བསྟར་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་ནས། འཐུས་མི་ལ་འབྲེལ་འདྲིས་དང་ཤུགས་ཡོད་ཀྱི་བྱེད་ཐབས་སྤྱད་ནས། འཐུས་མིས་དོ་སྣང་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ཁག་ཅིག་ཐག་གཅོད་བྱས། ལྷག་པར་དུ་མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་སྒོ་ལྡབ་འགྱུར་གྱི་ཁ་སྣོན་བྱེད་པའི་འཆར་གཞི་བཟོ་བའི་སྐོར་གྱི་གྲོས་གཞི་དང་ཞིང་ཆེན་ཆེད་སྤྱོད་མ་དངུལ་བཙུགས་ནས། ཟི་ལིང་གྲོང་ཁྱེར་་གྱི་སློབ་གྲྭ་འབྲིང་ཆུང་གི་ཚད་ལྡན་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་གྲོས་གཞི་སོགས་ཀྱི་འཐུས་མིའི་གྲོས་གཞི་གཙོར་བཟུང་ནས་ལྟ་སྐུལ་ལག་བསྟར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག