མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པས་སྣེ་ཁྲིད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་ཁུར་ལམ་ལུགས་ཀྱི་དཔྱད་ཞིབ་བྱ་བ་སྤེལ་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-25 11:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་དང་དེ་མིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གཞོན་པ་དང་། ཧྲིན་ཀྲང་གཞོན་པ་དག་གིས་སོ་སོར་དཔྱད་ཞིབ་ཚན་ཆུང་བརྒྱད་ཁྲིད་དེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་། ཁུལ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། ཞིང་ཆེན་དོ་དམ་ལས་དོན་ལས་ཁུངས་བཅས་ཀྱི2013ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་ཁུར་ལམ་ལུགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་དཔྱད་ཞིབ་དང་མཛུབ་སྟོན་བྱས། དཔྱད་ཞིབ་བྱེད་པའི་གནད་ས་ནི། ཁུལ་དང་ཐིན་རིམ་པའི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་དེ་མིན་མགོ་ཁྲིད་དང་པོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་ལམ་ལུགས་དངོས་འབེབས་བྱས་པའི་གནས་ཚུལ་དང་། མགོ་ཁྲིད་ཚན་ཁག་གི་ཁོངས་མིས་གོ་གནས་གཅིག་ལ་འགན་ཁུར་གཉིས་ལག་བསྟར་བྱས་པའི་གནས་ཚུལ། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་དགོངས་དོན་ཉེར་གཅིག་གི་གནས་ཚུལ་ལག་བསྟར་དངོས་འབེབས་དང་དེ་མིན་ད་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ཆམ་ཕབ་གཏོང་བའི་བྱ་བ་གལ་ཆེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་བཅས་རེད།

དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ཉིན་ལྔའི་རིང་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པས་སྣེ་ཁྲིད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་ལམ་ལུགས་དངོས་འབེབས་བྱས་པའི་གནས་ཚུལ་ལ་དཔྱད་ཞིབ་བྱས་པ་ཡིན་ཞིང་། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པས་གོ་གནས་གཅིག་ལ་འགན་ཁུར་གཉིས་ལག་བསྟར་བྱས་པ་མཚོན་ཡོད་ལ། ནུས་པ་ལྡན་པའི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་ཁུར་ལམ་ལུགས་དངོས་འབེབས་བྱེད་པར་ཡར་སྐུལ་བྱས་པས་ད་ལྟ་ལམ་ལུགས་སུ་གྱུར་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག