མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྒོར་བྱེ་བ་བརྒྱད་དང་ས་ཡ་བདུན་འབུམ་བརྒྱད་ཁྲི་དགུ་བཏང་ནས་དམངས་འཚོ་ལེགས་བཅོས་བྱས་པ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-25 11:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 213ལོར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ནོར་སྲིད་དབུལ་སྐྱོར་གྱི་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བདུན་འབུམ་བརྒྱད་ཁྲི་དགུ་བརྩོན་ལེན་བྱས་ནས། དམངས་འཚོ་ཇེ་ལེགས་སུ་བཏང་།

2013ལོར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་བཏང་ཚད་སྒོར་བྱེ་བ་བརྒྱད་དང་ས་ཡ་བདུན་འབུམ་བརྒྱད་ཁྲི་དགུར་བསླེབས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་སྐྱོར་མ་དངུལ་གཏོང་བའི་ནང་རྐྱེན་ལམ་ལུགས་བཙུགས་ཏེ། 2012ལོ་ནས་བཟུང་། ཁུལ་ནོར་སྲིད་ཀྱིས་ལོ་རེར་དབུལ་སྐྱོར་གསར་སྤེལ་གྱི་ཆེད་སྤྱོད་མ་དངུལ་སྒོར་ས་ཡ་གཅིག་རེ་བཀོད་སྒྲིག་བྱས་ནས། ལོ་རེར་བརྒྱ་ཆའི་བཅུ་འཕར་སྣོན་བྱུང་ཡོད། ཁུལ་ནོར་སྲིད་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དབུལ་སྐྱོར་གསར་སྤེལ་གྱི་བྱ་དགའི་ཐེབས་རྩ་བཙུགས་པར་མ་ཟད། རྫོང་སོ་སོས་ཀྱང་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི་ནང་རྐྱེན་བཙུགས། ཉིས་སྟོང་བཅུ་གསུམ་ལོར། མཚོ་བྱང་ཁུལ་གྱིས་ཕྱུགས་སྤྱིལ་སྟོང་གསུམ་སུམ་བརྒྱ་དྲུག་ཅུ་ལས། ཞིང་ཆུ་འདྲེན་སའི་རྒྱ་ཁྱོན་མུའུ་ཁྲི་གཅིག་དང་སྟོང་ལྔ་གསར་སྣོན་བྱས་པ་དང་ཁུལ་ཡོངས་ཀྱི་མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱས་པས་འབྲོག་པ་མང་ཚོགས་དེང་རབས་ཅན་གྱི་ཁྱད་ཆོས་ཡོད་པའི་སྡོད་ཁང་གསར་བའི་ནང་དུ་འདུག་ཐུབ་པ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག