མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་ཐེངས་གསུམ་པའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-24 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས23ཉིན། ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་ཐེངས་གསུམ་པའི་གྲོས་ཚོགས་བསྡུས།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི62ཡོད་པ་དང་དོན་དངོས་ཐོག་མི58འབྱོར་ཡོད་པས་ཁྲིམས་ལུགས་ཀྱི་གཏན་འཁེལ་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལའོ་ཧུའེ་ཉིན་དང་མུའུ་ཏུང་ཧྲིན། ཧྲིན་ཧི། སྟག་འབུམ་ཐར། དབང་མོ། ཚའོ་ཝིན་ཧུའུ། མ་ཝེ། ཚའོ་ཧུང་། ཚའེ་ཏི་ཀོས་བཅས་ཚོགས་འདུར་ཞུགས།

དབང་མོས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པར་མགོ་འཛིན་བྱས། གྲོས་ཚོགས་ཀྱི་གྲོས་རིམ་ལ་དོན་ཚན་ལྔ་ཡོད་དེ།

གཅིག འཐུས་མི་ཚོགས་པ་སོ་སོས་ཀྲུའུ་ཞི་ཚོགས་པའི་འདེམ་སྒུག་མི་སྣའི་མིང་ཐོ་བཏོན་པ་དང་འཐུས་མིས་མཉམ་འབྲེལ་གྱིས་འདེམ་སྒུག་མི་སྣའི་མིང་ཐོ་བཏོན་པར་ནང་མོལ་བྱས་པའི་གནས་ཚུལ་སྙན་སེང་ཞུ་བ།

གཉིས། འཐུས་མི་མཉམ་འབྲེལ་གྱིས་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཨུ་ཡོན་འདེམ་སྒུག་མི་སྣའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་བ།

གསུམ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ་སྐོར་གྱི་ཐག་གཅོད་འཆར་ཟིན་ལ་གྲོས་འཆམ་བྱུང་བ།

བཞི། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཐག་གཅོད་འཆར་ཟིན་ལ་གྲོས་འཆམ་བྱུང་བ།

ལྔ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཐག་གཅོད་འཆར་ཟིན་ལ་གྲོས་འཆམ་བྱུང་བ།

གྲོས་ཚོགས་སྟེང་གྲོས་རིམ་དེ་དག་ལ་གྲོས་འཆམ་བྱུང་བ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག