མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གིས2014ལོའི་བྱ་བ་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-23 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གིས2014ལོའི་གྲོས་ཚོགས་ཐེངས་དང་པོ་བསྡུས། གྲོས་ཚོགས་ནས་རིམ་པ་བགོས་ནས་ནད་ལ་བརྟག་པའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བའི་ལག་བསྟར་བསམ་འཆར་དང་། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་བཅོས་སྒྱུར་ཆ་འཕྲིན་ཅན་འཛུགས་སྐྲུན་ལས་གཞིའི་འཕེལ་རིམ་གནས་ཚུལ་དང་སྨན་རྫས་ཚོང་འགུག་དང་ཉོ་བསྡུ། སྐྱེལ་ལེན་བཅས་ཀྱི་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བའི་ཡར་ཞུར་ཉན་པ་མ་ཟད། གོ་རིམ་རྗེས་མའི་བྱ་བ་བཟང་བོར་སྒྲུབ་པར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་མཱ་ཧྲུན་ཆིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ནས་རིམ་པ་བགར་བའི་ནད་བརྟག་སྨན་བཅོས་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ་མྱུར་དུ་འགོད་པ་དང་། རིམ་པ་བགར་བའི་སྨན་བཅོས་ལམ་ལུགས་ཀྱི་དཔྱད་ཞིབ་དཔྱད་འདེམ་དང་བྱ་དགའ་གནང་བ་དང་ཆད་པ་གཅོད་པའི་བྱ་བ་ལག་བསྟར་བྱེད་དགོས་པ་དང་། སྨན་བཅོས་ཆ་འཕྲིན་ཅན་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་སྟེགས་བུ་འཛུགས་སྐྲུན་གྱི་བྱ་བ་དམ་འཛིན་བྱེད་པ་དང་། སྨན་བཅོས་དང་། སྨན་ལས་དང་། སྤྱི་ཚོགས་འགན་སྲུང་དང་། ནད་ལྗིད་མོར་འགན་སྲུང་བྱེད་པ། སྨན་བཅོས་རྒུད་སྐྱོབ་བཅས་རིམ་པ་ལྔའི་དྲ་རྒྱའི་སྟེགས་བུ་འཛུགས་སྐྲུན་བྱེད་པའི་བྱ་བ་དམ་འཛིན་བྱས་ནས། མྱུར་དུ་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་ལས་བཟོ་བའི་སྡོད་དམངས་ཀྱི་བདེ་ཐང་བྱང་བུ་དང་མཚོ་སྔོན་ཞིང་སྡེའི་སྡོད་དམངས་ཀྱི་བདེ་ཐང་འགན་སྲུང་བྱང་བུ་ལས་ཏེ། ད་ལོའི་ཟླ་དྲུག་པར་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས་ལ། གཞི་རྩའི་སྨན་རྫས་སྐྱེལ་ལེན་ཁེ་ལས་ཀྱི་ཚོང་འགུག་ཐེངས་གཉིས་པའི་བྱ་བ་མྱུར་དུ་ཡོངས་འགྲུབ་བྱས་ཏེ། མཉམ་འབྲེལ་དམ་པོ་བྱེད་དགོས་པ་མ་ཟད། ད་རུང་ཁེ་ལས་ཆེ་འབྲིང་ཆུང་གསུམ་ཕན་ཚུན་བར་ཁ་གསབ་བྱས་ཏེ། ད་ལོའི་སྨན་རྫས་སྐྱེལ་ལེན་བྱེད་ཚད་དེ་བརྒྱ་ཆའི་གོ་བདུན་དུ་བསླེབ་པར་ཁག་ཐེག་བྱེད་དགོས་པ་བཅས་ཀྱི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག