མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་འཐུས་མི་དང་ཨུ་ཡོན་གྱི་གྲོས་ཞིབ་ལ་ཞུགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-23 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགོས་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། འཐུས་མི་དང་ཨུ་ཡོན་ལང་ལོང་སྒོས་གཏམ་བཤད་པ་མ་ཟད་བློ་འདོན་ཇུས་འབུལ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཅི་ལོ་ཧོས་ཉིན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གཉིས་སོ་སོར་གྲོས་ཞིབ་ལ་ཞུགས།

ལོ་ཧོས་ཉིན་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོབ་དཀའ་བའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་གཉིས་པ་ཧུར་ཐག་གིས་ལག་བསྟར་བཟང་བོ་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་དངོས་འབེབས་བཟང་བོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་བྱ་བར་གཅིག་གྱུར་སྒོས་འཆར་གཞི་འགོད་པ་དང་། ས་ཁོངས་འཕེལ་རྒྱས་དང་དམངས་འཚོ་ཇེ་བཟང་དུ་གཏོང་བའི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ནས། མཆོང་སྐྱོད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་བཤད། གྲོས་སྡུར་བྱེད་སྐབས་ཁོས་ད་རུང་འཐུས་མི་རྣམས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ཚང་མ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས་ནས། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱས།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་གཅིག་མཐུན་སྒོས་བལྟས་ན། སྙན་ཞུ་གསུམ་པོ་ལས་ན་ནིང་བསྒྲུབས་པའི་བྱ་བར་སྤྱི་བསྡོམས་བྱས་པ་དྲང་བདེན་ཡིན་ཞིང་། ད་ལོར་བསྒྲུབ་དགོས་པའི་བྱ་བ་བཀོད་སྒྲིག་བྱེད་སྐབས་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་བཏོན་པའི་འཐབ་ཇུས་ལས་འགན་ལ་དམ་པོར་དམིགས་ཡོད་ལ། བསམ་བློ་གསལ་ཞིང་། བྱེད་ཐབས་ནུས་ལྡན་རེད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ད་ལོའི་བྱ་བ་བཀོད་སྒྲིག་བྱེད་པའི་ཁྲོད་དུ་འགན་འཁྲི་དང་རྩ་ཁྲིམས། བཅའ་ཁྲིམས་སོགས་ཀྱིས་གནང་བའི་འགན་འཁྲི་ལག་བསྟར་བྱེད་རྒྱུ་འབུར་དུ་ཐོན་པར་བྱས་པ་དང་། དམངས་འཚོའི་གནད་དོན་དང་ཐག་གཅོད་དཀའ་བའི་གནད་དོན་ཐག་གཅོད་ཤུགས་ཇེ་ཆེར་བཏང་ནས། སྲིད་གཞུང་གིས་བཅའ་ཁྲིམས་ལྟར་སྲིད་འཛིན་པ་དང་སྲིད་གཞུང་གིས་བཅའ་ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་ཇེ་མཐོར་གཏོང་བའི་བྱ་བར་ལྟ་སྐུལ་སྔར་ལས་ཆེན་པོ་བྱེད་རྒྱུའི་ཐག་བཅོད་ཡོད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཆེ་ཕྱོགས་ལ་ཞབས་ཕྱི་བསྒྲུབ་པ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་དམིགས་པ་དང་། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་ཆེ་ཕྱོགས་ལ་རྐང་བཙུགས་ཏེ། འགན་འཁྲི་གང་ལེགས་སྒོས་ལག་བསྟར་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཁྲིམས་འཛིན་འགན་སྲུང་བརྟན་པོ་ཞིག་འདོན་སྤྲོད་བྱེད་རྒྱུའི་ཐག་བཅད་ཡོད་པར་སྙམ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག