མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོར་མཚོ་ནུབ་ཁུལ་གྱིས་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཅིག་ལྷག་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཕྱོགས་སུ་བཀོལ།

རྩོམ་པ་པོ། དབྱངས་ཅན་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-23 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་བོད་རིགས་སོག་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་མང་བོ་མཉམ་དུ་སྤྱད་དེ་དམངས་ཕན་སྲིད་ཇུས་མང་བོ་བསྐྲུན། ལོ་ཧྲིལ་བོར་ཁུལ་ནོར་སྲིད་ཀྱིས་ཁུལ་ཡོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཅིག་བྱེ་བ་དྲུག་བཀོལ།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཆེད་སྤྱོད་མ་དངུལ་ཧུར་ཐག་གིས་བརྩོན་ལེན་དང་དངུལ་བསྡུ་སྟེགས་བུ་སོགས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས། དེའི་ཁྲོད་མ་དངུལ་སྒོར་ཐེར་འབུམ་གཉིས་ཁུལ་ཡོངས་ཀྱི་ཞང་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཕྱོགས་སུ་བཀོལ་ཏེ། ནུས་ཡོད་སྒོས་ཞང་གྲོང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་འཕྲོད་བསྟེན་དང་རིག་གནས་སློབ་གསོའི་ལས་གཞིའི་ཕྱོགས་སུ་བཀོལ་ནས་ཁུལ་ཡོངས་ཀྱི་སློབ་གསོ་དང་རིག་གནས། འཕྲོད་བསྟེན་སོགས་ཀྱི་དམངས་ཕན་འགན་སྲུང་ལས་དོན་གོང་འཕེལ་ཆེན་པོ་བཏང་། ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཉིས་ཚྭ་འདམ་གཞོང་གི་དཔལ་འབྱོར་འཁོར་སྐྱོད་ཚོད་ལྟ་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཕྱོགས་སུ་བཀོལ་ལ། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ལག་རྩལ་བསྒྱུར་བཀོད་དང་ཐོན་རྫས་རིམ་སྤོར། ཚན་རིག་ཞིབ་འཇུག་དང་གསར་གཏོད་བཅས་ཀྱི་ཕྱོགས་སུ་བཀོལ། མ་དངུལ་སྒོར་དུང་ཕྱུར་གསུམ་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་ཕྱོགས་སུ་བཀོལ་ནས་རིམ་བཞིན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་བླངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག