མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་གྲོས་ཚོགས་ཐེངས་བདུན་པ་ཚེས22ཉིན་གྱི་ཕྱི་དྲོར་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-23 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་གྲོས་ཚོགས་ཐེངས་བདུན་པ་བསྡུས་ལ། ཚོགས་འདུར་ཞུགས་པའི་རྒྱུན་ཨུ་ལྷན་ཚོགས་ཀྱི་ཚོགས་མི67ཡོད་པས་ཁྲིམས་ལུགས་ཀྱི་གཏན་འཁེལ་མི་གྲངས་དང་མཐུན།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན། ལའོ་ཁྲའོ་དབྱང་། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མ་ཀྲི་ཝེ། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན། གཟིམ་ཁང་བཅས་ཚོགས་འདུར་ཞུགས། ལིས་ཞོན་ཧྲིན་གྱིས་ཚོགས་འདུར་མགོ་འཛིན་བྱས།

ཚོགས་འདུའི་སྟེང་ཚན་ཆུང་གྲོས་ཞིབ་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་འདེམས་བསྐོ་བྱེད་ཐབས་འཆར་ཟིན་གཏན་འཁེལ་བྱས་ཤིང་། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་བདེམས་ཤོག་སྤྱིའི་ལྟ་སྐུལ་བ་དང་ལྟ་སྐུལ་བའི་མིང་ཐོའི་འཆར་ཟིན་གཏན་འཁེལ་བྱས། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་གསར་སྣོན་རྒྱུན་ལས་རྒྱུ་ཡོན་འདེམས་སྒུག་མི་སྣའི་མིང་ཐོ་གཏན་འཁེལ་བྱས། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ་སྐོར་གྱི་ཐག་གཅོད་འཆར་ཟིན་ལ་གྲོས་མཐུན་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཞིབ་འཆར་ཟིན་ལ་གྲོས་མཐུན་བྱུང་། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཚོགས་ཀྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ་འཆར་ཟིན་ལ་གྲོས་མཐུན་བྱུང་། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག