མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པས་ཚོགས་ཆེན་ཐེངས་གཉིས་པ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-23 10:39

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ1པོའི་ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་ཚོགས་ཆེན་ཐེངས་གཉིས་པ་བསྡུས།

    ཚོགས་འདུར་ཞུགས་དགོས་པའི་འཐུས་མི397དང་འཐུས་མི360ཚོགས་འདུར་ཞུགས་ཡོད་པས་ཁྲིམས་ལུགས་ཀྱིས་གཏན་འཁེལ་མི་གྲངས་དང་མཐུན།

    ཚོགས་འདུ་ལ་ཀྲུའུ་ཞི་ཚོགས་པའི་རྒྱུན་ཨུ་ཀྲུའུ་ཞི་སྟག་འབུམ་ཐར་གྱིས་མགོ་འཛིན་བྱས།

    ལག་བསྟར་ཀྲུའུ་ཞི་མའོ་ཞའོ་པིན་དང་ཞིན་ཀའོ་པིན། ཡུས་ཚུང་ལིག ངག་དབང་བསོད་ནམས། ཅུའུ་ཁུ་ཀྲུང་། ཝིན་ཀའོ་ཏུང་། ཀྲང་ཝིན་ཁོའེ། ཉི་མ་སྒྲོལ་མ། ལིན་ཡ་སུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲས་སུ་བསྡད་ཡོད།

    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་ལའོ་ཧུའེ་ཉིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཧའོ་ཕིན། རིན་ཆེན་རྒྱལ། ཝང་ཅན་ཅོན། ལའོ་ཡུས་ལིན། ཅི་ཏེ་མ་ཅ། རྡོ་རྗེ་རབ་བརྟན། ཀྲང་ཀོང་རོང་། ཝང་ཞའོ། སུའུ་ཉིན། ཝུའུ་ཡུས་ཏི་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཟླ1པོའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཞིང་ཆེན་ཚོགས་འདུ་ལྟེ་གནས་སུ་བསྡུས།

    ཚོགས་འདུའི་སྟེང་སྔ་རྗེས་སུ་ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ་ཕུལ་བ་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁའེ་ཅོན་གྱིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་ཕུལ་ལ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཝང་ཞའོ་ཡུང་གིས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ཕུལ།

    མུའུ་ཏུང་ཧྲིན་གྱིས་བཤད་རྒྱུར། 2013ལོ་ནི་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་ཚོགས་ཆེན་དང་རྒྱུན་ཨུ་ལྷན་ཚོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱས་པའི་ལོ་དང་པོ་ཡིན་ལ། ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱིས་ལྟེ་གནས་ལ་གཞིགས་ནས་ཤུགས་ཆེན་པོས་ཁྱོན་ཡོངས་ལ་ཞབས་ཞུ་དང་། ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐག་གཅོད་བཀོད་སྒྲིག་ལག་བསྟར་བྱས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ལ་སྐུལ་སྤེལ་བཏང་སྟེ། བྱ་བ་སོ་སོར་གྲུབ་འབྲས་གསར་བ་བླངས།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ་འབུལ་བཞིན་པ།

ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁའེ་ཅོན་གྱིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་འབུལ་བཞིན་པ།  

ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཝང་ཞའོ་ཡུང་གིས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་འབུལ་བཞིན་པ།

    ཚོགས་འདུའི་སྟེང་ཚོགས་འདུའི་འདེམས་བསྐོ་བྱེད་ཐབས་གཏན་འཁེལ་བྱས།

    ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་རྣམས་ཚོགས་འདུར་ཞུགས། ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག