མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་ཧི་རྫོང་གི་དཀའ་ངལ་ཡོད་པའི་མང་ཚོགས428ལ་རོགས་སྐྱོར་མ་དངུལ་བྱིན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-22 11:06

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧི་རྫོང་དམངས་སྲིད་ཅུའུ་ཡིས་རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་དང་གཟིགས་སྐྱོང་བྱེད་ཡུལ། དབང་བོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་མང་ཚོགས428ལ་རིན་གོང་སྒོར་ཁྲི46.3གྱི་འཚོ་བའི་རོགས་སྐྱོར་མ་དངུལ་དང་རྒུད་སྐྱོབ་དངོས་ཟོག་བྱིན།

ཐེངས་འདིའི་འཚོ་བའི་ཁ་གསབ་མ་དངུལ་དང་རྒུད་སྐྱོབ་དངོས་ཟོག་སྟེར་བའི་ཁྲོད། དམངས་སྲིད་ཅུའུ་ཡིས་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ99དང་། ཆབ་ཆ་དང་ཚ་རྔ་འགག་གྲོང་རྡལ་བཅས་ཤང་གྲོང6གི་གཞིས་ཁུལ8ཀྱི་དབུལ་ཕོངས་ཁྱིམ་ཚང་དང་དབང་བོ་སྐྱོན་ཅན། གནོད་ཐེབས་ཁྱིམ་ཚང་སོགས་ཀྱི་སྤྱི་ཚོགས་རོགས་སྐྱོར་བྱེད་ཡུལ303ལ་མི་རེར་རོགས་སྐྱོར་མ་དངུལ་སྒོར1000རེ་བྱིན་པ་དང་། གཟིགས་སྐྱོང་བྱེད་ཡུལ་མི70ལ་མི་རེར་རོགས་སྐྱོར་མ་དངུལ་སྒོར1500རེ་བྱིན། འཁྱམས་རུ་དང་དགོན་གསར་སོགས་དགོན་པ8ཀྱི་དབུལ་ཕོངས་གྲྭ་བཙུན55རེར་རོགས་སྐྱོར་མ་དངུལ་སྒོར1000རེ་བྱིན། དུས་མཚུངས་སུ། དཀའ་ངལ་མང་ཚོགས་མི་རེར་འབྲས་ཁུག་མ1དང་བཟའ་སྣུམ་ཟོ་བ2། ཐུག་པ་ཤོག་སྒམ1རེ་བྱིན། ཐེངས་འདིའི་རོགས་སྐྱོར་མ་དངུལ་དང་རྒུད་སྐྱོབ་དངོས་ཟོག་བྱིན་པ་དེས་ཏང་དང་སྲིད་གཞུང་གིས་དཀའ་ངལ་མང་ཚོགས་ལ་ཐུགས་ཁུར་གནང་བ་མཚོན་ཞིང་། ཁོ་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོལ་འཁོལ་ལ་རོལ་མྱོང་བྱས་ཏེ་དཀའ་ངལ་མང་ཚོགས་ཀྱིས་དགའ་སྐྱིད་ཀྱིས་ལོ་སར་ལ་རོལ་བར་ཁག་ཐེག་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག