མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-01-22 11:01

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་ཟླ1པོའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་དེ་ཟི་ལིང་རྣམ་རྒྱལ་མགྲོན་ཁང་དུ་བསྡུས། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཝུའུ་ཧའེ་ཁུང་དང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་གྱི་ཐིན་ཀྲང་དབྱང་རུའུ་ཁུན། ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་། ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་ཕྱིའི་བསྐྱར་འཛུགས་རྗེས་མཐུད་བྱ་བ་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཁོང་ཡུང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཐིན་ཀྲང་དབྱང་དབྱི་བཅས་སོ་སོས2013ལོའི་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་འཕེལ་རྒྱས་རྣམ་པ་འགྱུར་ལྡོག་དང་སྒྲིག་གཞི་ལེགས་བཅོས་བྱས་པའི་ཕན་ནུས་དང་། ཟི་ལིང་དང་མཐའ་འཁོར་ས་ཁུལ་གྱི་ཁ་དབུགས་སྦག་བཙོག་འགོག་བཅོས་གནས་ཚུལ། ཡུས་ཧྲུའུ་ཡི་ལོ་གསུམ་རིང་གི་བསྐྱར་འཛུགས་གྲུབ་འབྲས། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བྱ་བའི་གནས་ཚུལ་སོགས་ཀྱི་ཐད་ནས་འབྲེལ་ཡོད་ཀྱི་ཆ་འཕྲིན་ཁྱབ་སྒྲོག་བྱས་པ་མ་ཟད། མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་ལ་གསར་འགོད་པའི་དྲི་བར་ལན་བཏབ། །

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཝུའུ་ཧའེ་ཁུང་གིས་གསར་འགོད་པའི་དྲི་བར་ལན་འདེབས་པ།

ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་ཕྱིའི་བསྐྱར་འཛུགས་རྗེས་མཐུད་བྱ་བ་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཁོང་ཡུང་གིས་གསར་འགོད་པའི་དྲི་བར་ལན་འདེབས་པ།

གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་ཡུལ་དངོས།

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག