མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་ཀྲུའུ་ཞི་ཚོགས་འདུ་ཐེངས་བཅུ་བས་ཚན་ཆུང་གི་གྲོས་ཞིབ་གནས་ཚུལ་སྙན་ཞུ་ལ་ཉན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-22 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས21ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཚོགས་ཀྱིས་ཀྲུའུ་ཞི་ཚོགས་འདུ་ཐེངས་བཅུ་བ་བསྡུས་ཏེ། ཚན་ཆུང་སོ་སོའི་གྲོས་ཞིབ་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་ལའོ་ཁྲའོ་དབྱང་། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མ་ཀྲི་ཝེ། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན། གཟིམ་ཁང་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་ཚན་ཆུང་སོ་སོའི་རྩ་འཛུགས་མི་སྣའི་གྲོས་ཞིབ་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཨུ་ཡོན་རྣམས་ཀྱིས་བསྟན་དོན། ཚོགས་འདུ་ཚོགས་ཚུན་དུ་ཨུ་ཡོན་རྣམས་ཀྱིས་སྲིད་གྲོས་རྒྱུན་ཨུ་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ་དང་དང་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ། 《སྲིད་གཞུང་བྱ་བའི་སྙན་ཞུ》། འཆར་གཞི་དང་ནོར་སྲིད་སྙན་ཞུ། མི་དོན་བསྐོ་འཇོག་འཆར་ཟིན་དང་ཐག་གཅོད་གཉིས་ཀྱི་འཆར་ཟིན་བཅས་ལ་ནན་ཏན་གྱིས་གྲོས་ཞིབ་དང་གྲོས་བསྡུར་བྱས། ཨུ་ཡོན་རྣམས་ཀྱིས་གྲོས་བསྡུར་ཁྲོད། རྒྱུན་ཨུ་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ། 《སྲིད་གཞུང་བྱ་བའི་སྙན་ཞུ》། འཆར་གཞི་དང་ནོར་སྲིད་སྙན་ཞུ་བཅས་ལ་གདེངས་འཇོག་མཐོན་པོ་གནང་བ་དང་། སྲིད་གཞུང་བྱ་བ་དང་སྲིད་གྲོས་རྒྱུན་ཨུ་ལྷན་ཚོགས་ཀྱི་བྱ་བར་བསམ་འཆར་དང་གྲོས་གཞི་ལེགས་པོ་གང་མང་བཏོན། རྒྱུན་ཨུ་ལྷན་ཚོགས་བྱ་བའི་སྙན་ཞུ་ནི་ཚིག་ཉུང་ཞིང་གཙོ་གནད་འབུར་དུ་ཐོན་པ་དང་། དམིགས་འབེན་མངོན་གསལ་ཡིན་ལ། 2014ལོའི་ཞིང་ཆེན་སྲིད་གྲོས་བྱ་བའི་བཀོད་སྒྲིག་གི་ཐབས་ལམ་གསལ་ཞིང་དོན་དངོས་དང་མཐུན། གྲོས་གཞི་བྱ་བའི་སྙན་ཞུའི་ནང་དོན་གཙོ་ཕལ་གོ་རིམ་གསལ་ལ་སྤྱི་བསྡོམས་ཆ་ཚང་བ་དང་དབྱེ་ཞིབ་གནད་དུ་འཁེལ་ཡོད།

ཨུ་ཡོན་རྣམས་ཀྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ཧུར་བརྩོན་གྱིས་འགན་འཁྲི་ལག་བསྟར་དང་བསམ་འཆར་དང་ཇུས་གཞི་འདོན་རྒྱུ་ཡིན་ཟེར། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག