མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས2014ལོའི་ཚན་རྩལ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ་མགོ་བརྩམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-21 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས2014ལོའི་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གཞི་རིམ་དུ་བསྐྱལ་བའི་བྱ་འགུལ་སྤེལ་མགོ་བརྩམས། བྱ་འགུལ་འདི་དུས་སྐབས་གསུམ་དུ་བགོས་ནས་སྤེལ་རྒྱུ་ཡིན་པ་དང་། མཚོ་སྔོན་གྱིས་འཛུགས་སྐྲུན་བྱས་མ་ཐག་པའི་ཚན་རྩལ་ཆ་འཕྲིན་ཕྱོགས་བསྡུས་ཞབས་ཞུ་སྟེགས་བུ་ལ་བརྟེན་ནས་རྒྱ་ཆེའི་རོང་འབྲོག་དམངས་ལ་ཞབས་ཞུ་སྒྲུབ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཚན་རྩལ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་འདི་ལོ་ཧྲིལ་བོར་དུས་སྐབས་གསུམ་དུ་བགོས་ཡོད་དེ། དུས་སྐབས་དང་པོ་ནི་ཟླ1པོ་ནས་ཟླ4བའི་བར་ཡིན་ལ། དཔྱིད་འདེབས་གྲ་སྒྲིག་དང་གནོད་འགོག་ཕྱུགས་སྐྱོང་ཐོན་སྐྱེད་ཞབས་ཞུ་གཙོ་བོར་འཛིན་པ་དང་། དུས་སྐབས་གཉིས་པ་ནི་ཟླ4བ་ནས་ཟླ8པའི་བར་ཡིན་ཞིང་། ཞིང་ཕྱུགས་ལས་ཐོན་སྐྱེད་དོ་དམ་ཞབས་ཞུ་གཙོ་བོར་འཛིན་རྒྱུ་དང་། དུས་སྐབས་གསུམ་པ་ནི་ཟླ8པ་ནས་ཟླ12པའི་བར་ཡིན་པ་དང་སྟོན་བསྡུ་དང་ཞིང་ལས་ཐོན་རྫས་བདག་གཉེར། རྩོལ་ལས་སོགས་ཀྱི་ཞབས་ཞུ་གཙོ་བོར་འཛིན་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག