མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་མིས་མུ་མཐུད་དུ་ཚན་ཆུང་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-21 10:56

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་རྣམས་ཀྱིས་ཚན་ཆུང་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ཤིང་། འཐུས་མི་དག་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཉན་རྗེས་ཀྱི་མྱོང་ཚོར་དང་ངོས་འཛིན་ལྷུག་པོར་བརྗོད་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་གསར་འཛུགས་སོགས་ཀྱི་ཐད་ལ་གཞིགས་ཏེ་བསམ་འཆར་བཏོན།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལའོ་ཡུས་ལིན་དང་ཅི་ཏེ་མ་ཅ། རྡོ་རྗེ་རབ་བརྟན། ཝང་ཞའོ་ཆིན། ཀྲང་ཀོང་རོང་། ཝང་ཞའོ། སུའུ་ཉིན། མའོ་ཞའོ་པིན་བཅས་ཚན་ཆུང་སོ་སོར་ཞུགས་ཏེ་གྲོས་ཞིབ་བྱས།

འཐུས་མི་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཁྲོད་བཏོན་པའི“རིམ་འཕར་གསུམ”གྱི་ཐབས་ཇུས་ནི་སྤྱི་ཡོངས་ཀྱི་གནས་བབ་ལ་དམིགས་ཡོད་པ་དང་དམིགས་འབེན་དངོས་གནས་ལག་བསྟར་བརྩོན་ལེན་བྱས་ཆོག་ལ། བྱེད་ཐབས་མངོན་གསལ་ནུས་ལྡན་ཡིན་པས་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་མཐུན་ལ། ཐབས་ཇུས་ལས་འགན་བྱེ་བྲག་ཅན་དུ་བསྒྱུར་ཡོད་པ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་དང་བསྟུན་ཡོད། བྱ་བའི་བཀོད་སྒྲིག་དེ་མཚོ་སྔོན་འཕེལ་རྒྱས་ཀྱི་དངོས་ཡོད་དང་མཐུན་ལ། ཕྱོགས་སོ་སོའི་ནུས་པ་གཅིག་ཏུ་བསྒྲིལ་བར་ཕན་ནུས་བསྐྲུན་ཐུབ་པ་མ་ཟད། བཅོས་བསྒྱུར་གསར་སྐྲུན་དང་ཡོང་སྒོ་སྤེལ་བ། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་ལེགས་བཅོས་བཅས་སྐུལ་ཁྲིད་བྱེད་པའི་ཐད་དམིགས་ཡོད་པར་བསྟན།

འཐུས་མི་རྣམས་ཀྱིས་བཤད་རྒྱུར། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་དམིགས་ཚད་མ་ལག་འཐུས་ཚང་དུ་གཏོང་བར་སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཁ་གསབ་ཚོང་ར་ཅན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་ཁུལ་གྱི་ཐོན་ལས་སྒྲིག་གཞི་ལེགས་བཅོས་ཁ་གསབ་སོགས་ཀྱི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས། སྔར་ཡོད་ཀྱི་གྲོང་རྡལ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་གྲོང་རྡལ་བྱེད་ནུས་མཐོར་འདེགས་སུ་གཏོང་བར་ཤུགས་སྣོན་པ་དེ་གཙོ་གནད་དུ་བཟུང་སྟེ། “མཛེས་སྡུག་གི་གྲོང་རྡལ”དང“མཛེས་སྡུག་གི་ཤང་སྡེ”གསར་འཛུགས་བྱེད་དགོས། སྔོན་ཐོན་ཁུལ་གསར་འཛུགས་བྱ་བར་གཏིང་ཟབ་ཀྱིས་སྐུལ་སྤེལ་བཏང་ནས་དོན་དངོས་དང་སྦྲེལ་ཏེ་ལམ་ལུགས་གསར་སྐྲུན་ལ་སྐུལ་འདེད་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། མུ་མཐུད་དུ་དམངས་འཚོ་འཛུགས་སྐྲུན་གྱི་ལས་གཞིའི་དངུལ་གཏོང་ལ་ཤུགས་སྣོན་པ་དང་། མུ་མཐུད་དུ་བྱེད་ཐབས་ནུས་ལྡན་སྤྱད་ནས་དངོས་ཟོག་རིན་གོང་ཚོད་འཛིན་དང་ཤང་གྲོང་སྡོད་དམངས་ཀྱི་ཡོང་སྒོ་ཇེ་མང་ལ་གཏོང་དགོས། འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་བཟོས་ཏེ་ར་བ་ཁུལ་དང་ཁུལ་གསར་སྣ་ཚོགས་འཛུགས་སྐྲུན་ཁྲོད་ས་ཞིང་ཤོར་བའི་ཞིང་བའི་རྗེས་མཐུད་ཐོན་ལས་གསོ་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། མུ་མཐུད་དུ་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ཀྱི་མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ་དང་སྲིད་ཇུས་ཀྱིས་གཟིགས་སྐྱོང་གནང་ནས་བདེ་ཐང་གི་རྒན་གསོ་ཞབས་ཞུའི་ཐོན་ལས་གསོ་སྐྱོང་ལ་རོགས་སྐྱོར་བྱེད་པ་དང་། དམངས་ཡོངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ལོངས་སྤྱོད་བྱེད་པ་གཙོ་བོར་འཛིན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག