མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུལ་ཤུལ་ཁུལ་གྱིས་ཁྲིམས་ལྟར་གོ་རིམ་ཡོད་པའི་སྒོ་ནས་ཚོང་རའི་བདག་གཉེར་དོ་དམ་ཚད་ལྡན་དུ་བཏང་བ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-21 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཟོ་ཚོང་ཅུའུ་ཡིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། ཞིང་ཆེན་བཟོ་ཚོང་ཅུའུ་ཡི་བྱ་བའི་བཀོད་སྒྲིག་ལྟར། དྲང་བདེན་དང་འདྲ་མཉམ་སྒྲིག་སྲོལ་ཡོད་པའི་ཚོང་རར་སྲུང་སྐྱོབ་དང་། དངོས་གོང་གཏན་ཆགས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་གཙོ་བོར་བཟུང་ནས། ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་སྡེ་ཁག་ལ་མཉམ་འབྲེལ་སྒོས། ཐེངས་མང་པོར་ཞིབ་བཤེར་ཚོ་ཆུང་རྩ་འཛུགས་བྱས་ནས་ཆེད་དུ་ཁྲིམས་ལྟར་ཞིབ་བཤེར་བྱས། ཚོང་རྫས་རྫུན་བཟོ་དང་རྫུན་མ་བཙོང་བ། རྒྱ་གྲངས་མི་འདང་བ། རིན་གོང་ཕྱོགས་ནས་མགོ་སྐོར་གཏོང་བ། འཆལ་གཏམ་སྤེལ་བ་སོགས་ཚོང་རའི་སྒྲིག་ལམ་དཀྲུག་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་།

ཞིབ་བཤེར་བྱེད་པའི་གོ་རིམ་ཁྲོད་ཁྲིམས་འཛིན་མི་སྣ་བརྒྱ་དང་བདུན་ཅུ་ཞུགས་པ་དང་། རླངས་འཁོར་བཞི་བཅུ་བཀོལ་སྤྱོད་བྱས་ནས། རིགས་མི་འདྲ་བའི་བདག་གཉེར་ཁྱིམ་ཚང་སུམ་བརྒྱ་ཉི་ཤུ་ལ་ཞིབ་བཤེར་བྱས་པ་དང་། འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱས་ནས་སྒོར་ཁྲི་གཉིས་དང་སྟོང་ལྔའི་གནད་དོན་ཐག་གཅོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག