མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཁས་བླངས་པའི་དམངས་འཚོའི་དོན་དངོས་བཅུ་ལག་བསྟར་བྱས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-21 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་ཟླ1པོའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་སྐབས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ང་ཚོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དམངས་འཚོའི་དོན་དངོས་བཅུ་ཁས་བླངས་པ་དང་ད་ལྟ་དེ་ཚང་མ་ལག་བསྟར་བྱས། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་དམངས་འཚོའི་ཐད་ལ་ནོར་སྲིད་འགྲོ་སོང་བཏང་བ་དེས་སྤྱིའི་འགྲོ་སོང་གི་བརྒྱ་ཆའི་དོན་ལྔའི་ཡན་ཟིན་ཞིང་། ཉིས་སྟོང་བཅུ་གསུམ་ལོར་དམངས་འཚོའི་ཐད་ལ་འགྲོ་སོང་སྒོར་མོ་ཐེར་ཆེན་དགུ་དང་ཐེར་འབུམ་བཞི་ལྷག་བཏང་བ་དང་དེའི་ནང་དུ་དམངས་འཚོའི་དོན་དངོས་བཅུའི་ཐད་ལ་འགྲོ་སོང་སྒོར་མོ་ཐེར་ཆེན་བཞི་དང་ཐེར་འབུམ་གཅིག་དུང་ཕྱུར་ལྔ་ལྷག་བཏང་ཟེར།

དམངས་འཚོའི་དོན་དངོས་བཅུ་ནི། གཅིག ལས་ཞུགས་ཡོང་སྒོ་འཕར་ཚད་ཀྱིས་ལོ་རྒྱུས་ཀྱི་ཆུ་ཚད་གསར་བ་བསྐྲུན། གཉིས། གྲོང་གསེབ་ཀྱི་བདེ་སྡོད་བཟོ་སྐྲུན་ཕྱོགས་ཡོངས་ནས་ལག་བསྟར་བྱས། གསུམ། སྤྱི་ཚོགས་འགན་སྲུང་ཆུ་ཚད་རྒྱུན་མཐུད་སྒོས་འཕེལ་རྒྱས་བྱུང་། བཞི། སློབ་གསོའི་ལས་དོན་མཐུན་སྦྱོར་དང་དོ་མཉམ་སྒོས་འཕེལ་རྒྱས་བྱུང་། ལྔ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ། དྲུག རིག་གནས་དམངས་ཕན་སྲིད་ཇུས་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ། བདུན། ཚན་རྩལ་གསར་སྐྲུན་ཤུགས་ཚད་ཇེ་ཆེར་བཏང་། བརྒྱད། དབུལ་སྐྱོར་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ། དགུ། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས། བཅུ། གྲོང་གསེབ་སྡོད་དམངས་ཀྱི་ཁོར་ཡུག་ལེགས་བཅོས་བྱས་པ་བཅས་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག