མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧྲིན་ཀྲང་ཧའོ་ཕིན་ཟི་ལིང་གི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-21 10:55

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཟི་ལིང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

    གྲོས་ཞིབ་བྱེད་མགོ་བརྩམས་རྗེས། ཧའོ་ཕིན་གྱིས་ཐོག་མར་འཐུས་མི་རྣམས་ལ་ངས་གཙོ་བོ་ཚང་མས་སྲིད་གཞུང་གི་བྱ་བར་བཏོན་པའི་བསམ་འཆར་ལ་ཉན་འདོད་པས། ཚང་མས་སྦ་གསང་མེད་པའི་སྒོ་ནས་བསམ་འཆར་འདོན་དགོས་པ་དང་། སྐད་ཆ་ངོ་མ་བཤད་དགོས་ཞེས་བཤད། མའོ་ཞོ་པེན་དང་། ཝང་ཡུས་པོ། ཡའོ་ལིན། སུའུ་ལོས་ཧོང་། ཧན་ཞང་ཧོས། ཡན་ཧྲིག་ཁྲུན། མཱ་ཡུང་། ཀྲིན་ཡུང་ཅན། ལིས་ཞ་སོགས་འཐུས་མིས་སྔ་གཞུག་ཏུ་ཐོན་ལས་འཕར་བ་དང་། མཁའ་དབུགས་བཙོག་འགྱུར་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ། མཛེས་སྡུག་གི་ཞང་དང་སྡེ་བ་འཛུགས་སྐྲུན་བྱེད་པ་སོགས་ལ་དམིགས་ནས་གཏམ་བཤད།

    ཧའོ་ཕིན་གྱིས་ཚང་མས་གཏམ་བཤད་པར་ཉན་རྗེས། ཟི་ལིང་གྲོང་ཁྱེར་གྱི་བྱ་བར་ཁས་ལེན་གང་ལེགས་བྱས་པ་མ་ཟད། ད་ལོའི་བྱ་བར་རེ་བ་འགའ་བཏོན། ཁོས་བསྟན་དོན། ཟི་ལིང་གིས་ཞིང་ཆེན་ཡོངས་ཀྱི་ཆེ་ཕྱོགས་བྱ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཞིང་། ཐོན་སྐྱེད་སྤྱིའི་ཐོན་རིན་དང་། གཏན་འཇགས་མ་རྩའི་མ་དངུལ། བཟོ་ལས་འཕར་རིན་སོགས་ཚད་གཞི་མང་པོས་ཞིང་ཆེན་ཡོངས་ཀྱི་ཕྱེད་ཀ་ཟིན། འདས་པའི་ལོ་གཅིག་གི་ནང་དུ་། ཟི་ལིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་བྱུང་ནས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་བྱ་བར་བྱས་རྗེས་བཞག་ཅེས་བཤད། ཁོས་ནན་གྱིས་བསྟན་དོན། ཟི་ལིང་གིས་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ཧུར་ཐག་གིས་ས་ཁུལ་གསུམ་འཛུགས་སྐྲུན་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འཐབ་ཇུས་ལས་འགན་དང་། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཕན་འབྲས་ཇེ་མཐོར་གཏོང་བ་དང་། འཆམ་མཐུན་བརྟན་འཇགས་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་སྤྱིའི་རེ་བར་དམ་པོར་དམིགས་ནས། འཕེལ་རྒྱས་སུ་གཏོང་བའི་བྱ་བ་དེ་གནད་དོན་ཐག་གཅོད་པའི་གནད་འགག་དང་རྨང་གཞིར་བརྩིས་ནས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་འབྲེལ་བར་གཅིག་གྱུར་འཆར་འགོད་དང་ཐག་གཅོད་བཟང་བོ་བྱེད་པ། ཤུགས་ཆེན་པོས་ལྷད་མེད་འཕེལ་རྒྱས་དང་། ཐཱན་ཉུང་འཕེལ་རྒྱས། འཁོར་སྐྱོད་འཕེལ་རྒྱས་བཅས་ལ་ཡར་སྐུལ་བྱས་ནས། འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་གཏོང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག