མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་མིས་ཚན་ཆུང་བགོས་ཏེ《སྲིད་གཞུང་བྱ་བའི་སྙན་ཞུ》ལ་གྲོས་ཞིབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-20 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས19ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཚོགས་ཀྱི་འཐུས་མིས་ཚན་ཆུང་བགོས་ཏེ《སྲིད་གཞུང་བྱ་བའི་སྙན་ཞུ》ལ་གྲོས་ཞིབ་བྱས། འཐུས་མི་རྣམས་ཀྱིས་ཅི་བསམ་ལྷུག་པར་བརྗོད་པ་དང་། བསམ་འཆར་དང་ཇུས་གཞི་སྣ་ཚོགས་བཏོན།

འཐུས་མི་ཚང་མས་ཧྲིན་ཀྲང་ཧོ་ཕིན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་དེ་རྒྱང་རིང་ལ་ཕྱོགས་ཤིང་ནང་དོན་གཏིང་ཟབ་པ་དང་ཁྱད་ཆོས་མངོན་གསལ་ལྡན་ལ། གཙོ་གནད་འབུར་ཏུ་ཐོན་ཡོད། སྙན་ཞུའི་མགོ་མཇུག་བར་གསུམ་དུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་བྱས་ཡོད་པ་དང་། “ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཧུར་བརྩོན་གྱིས‘ཁུལ་གསུམ’གསར་འཛུགས་དང་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་འཛུགས་སྐྲུན་བྱེད་པའི”ཐབས་ཇུས་ལས་འགན་གཙིགས་སུ་བཟུང་ཡོད་པ་དང་། ལོ་གསར་བའི་ནང་གི་འཛུགས་སྐྲུན་ལས་དོན་སོ་སོར་གཅིག་གྱུར་གྱིས་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད། སྙན་ཞུ་ལས་སྤུས་ཚད་མཐོར་འདེགས་དང་ཡོང་སྒོ་སྤེལ་བར་གཙིགས་འཛིན་དང་ཧུར་བརྩོན་གྱིས་མཚོ་སྔོན་དཔལ་འབྱོར་འཛུགས་སྐྲུན་དང་། སྐྱེ་ཁམས་འགོག་རགས་ཇེ་བརྟན་དུ་བཏང་ནས་ཧུར་བརྩོན་གྱིས་རབ་མཛེས་མཚོ་སྔོན་ཇེ་ལེགས་སུ་གཏོང་བ། དམངས་འཚོའི་དོན་དངོས་ལེགས་པོར་སྒྲུབ་ནས་མཉམ་དུ་དམངས་འཚོ་ལེགས་བཅོས་བྱེད་དགོས། མཚོ་སྔོན་གྱི་དོན་དངོས་དང་མཐུན་ལ། མི་རིགས་སོ་སོའི་རེ་འདུན་བསྐངས་ཡོད་པས་མི་སེམས་གཅིག་སྒྲིལ་དང་བརྩོན་སེམས་སྐུལ་སློང་གི་ནུས་པ་ལྡན་པའི་སྙན་ཞུ་ཡིན་པར་བསྟན།

སྙན་ཞུ་ལས་བཏོན་པའི་དམིགས་ཚད་དང་ལས་འགན་ལ་གཞིགས་ཏེ་ཚང་མས་བསྟན་དོན། གནས་བབས་ངོས་འཛིན་དང་གོ་སྐབས་དམ་འཛིན་བྱས་ཏེ་དགོངས་དོན་ལ་བྱང་ཆུབ་པ་དང་གནད་འགག་ཁོང་དུ་ཆུད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ལ་སྐུལ་སྤེལ་བྱས་ཡོད་པར་ཤེས་རྟོགས་དང་། སྔར་ལས་ལྷག་པའི་སྒོ་ནས་འཐབ་ཇུས་འཆར་འགོད་ལ་ཤུགས་སྣོན་དང་བྱ་བའི་བྱེད་ཐབས་གསར་སྐྲུན་བྱས་ནས་ཐོབ་དཀའ་བའི་གནས་བབ་ལེགས་པོ་བརྟན་འཇགས་དང་འཕེལ་རྒྱས་སུ་གཏོང་བ་དང་། ཧུར་བརྩོན་གྱིས“ཁུལ་གསུམ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

གྲོས་ཞིབ་བྱེད་སྐབས། འཐུས་མི་རྣམས་ཀྱིས་དངོས་ཟོག་རིན་གོང་འཕར་བ་དང་ལས་ཞུགས་འཕར་སྣོན་བྱུང་བ། ཁེ་ལས་ཁ་ཤས་ཀྱི་ཐོན་སྐྱེད་བདག་གཉེར་ལ་དཀའ་ངལ་བྱུང་བ། ཞབས་ཞུ་འདུ་ཤེས་མི་འདང་བ། ལས་དོན་སྒྲུབ་ཚད་མི་འདང་བ་སོགས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་འགལ་ཟླ་སྣ་ཚོགས་ཀྱི་ཐད་ནས་བསམ་འཆར་བཤད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག