མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་ཚོགས་ཆེན་གཉིས་ཀྱི་ཐད་གཏོང་ལ་བལྟས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-01-20 10:23

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཚོགས་པའི་ཚུན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་དྲ་ཚིགས་དང་ཚགས་པར། བརྙན་འཕྲིན་སོགས་ཀྱི་སྨྱན་བྱེད་བརྒྱུད་དེ“ཚོགས་ཆེན་གཉིས”ཀྱི་གནས་ཚུལ་དོ་སྣང་བྱས་ལ། དུས་ལྟར་ཚོགས་འདུའི་འབྲེལ་ཡོད་དགོངས་ལ་རྒྱུས་ལོན་བྱས། །

ཟླ1པོའི་ཚེས19ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་གྱི་ཞང་དབྱིན་ཁྱིམ་སྤྱོད་གློག་ཆས་ཀྱི་ལས་བྱེད་མི་སྣས་བརྙན་འཕྲིན་བརྒྱུད་དེ་ཚོགས་ཆེན་གཉིས་ཀྱི་ཐད་གཏོང་ལ་བལྟས། 

མཚོ་ལྷོ་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་གཞི་རིམ་དུ་བསྐྱོད་པའི་སྡེ་སྡོད་ལས་བྱེད་པ་བཀྲ་ཤིས་དོན་འགྲུབ་ཀྱིས་རང་ཁྱིམ་ནས་བརྙན་འཕྲིན་བརྒྱུད་དེ་ཚོགས་ཆེན་གཉིས་ཀྱི་ཐད་གཏོང་ལ་ལྟ་བཞིན་པ།

ཟླ1པོའི་ཚེས19ཉིན་གྱི་སྔ་དྲོར། གུང་ཧི་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པས་བརྙན་འཕྲིན་བརྒྱུད་དེ་ཧྲིན་ཀྲང་ཧོ་ཕིན་གྱི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ལྟ་བཞིན་པ།

ཟླ1པོའི་ཚེས19ཉིན་གྱི་སྔ་དྲོར། མཚོ་ལྷོ་ཚགས་པར་ཁང་གི་ལས་རེས་གསར་འགོད་པས་དྲ་ཚིགས་བརྒྱུད་ནས་ཞིང་ཆེན“ཚོགས་ཆེན་གཉིས”ཀྱི་གནས་ཚུལ་ལ་ལྟ་བཞིན་པ།

        

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག