མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པས་ཚན་ཆུང་བགོས་ནས་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-19 12:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས18ཉིན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགོས་ནས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་འདོན་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པར་མ་ཟད། ལོ་རྒྱུས་ཀྱི་དུས་སྐབས་གསར་བར་སྲིད་གྲོས་ཀྱི་འབྲེལ་འདྲིས་ནུས་པ་ཇི་ལྟར་འདོན་སྤེལ་བྱས་ཏེ། ཁུལ་གསུམ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱས་ནས། མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་བ་སོགས་ཐད་ནས་གྲོས་བསྡུར་ཆེན་པོ་བྱས།

གྲོས་བསྡུར་བྱེད་སྐབས། ཨུ་ཡོན་རྣམས་ཀྱིས་ཡོངས་ཁྱབ་ཀྱིས་བལྟས་ན། ད་ལོའི་སྲིད་གྲོས་ཀྱི་གྲོས་ཚོགས་དེ་སྟབས་བདེ་དང་གྲོན་ཆུང་སྒོས་བསྡུས་པས། ཏང་ཀྲུང་དབྱང་གི་ཡང་དང་བསྐྱར་དུ་བཏོན་པའི་བྱ་བའི་སྤྱོད་ཚུལ་བསྒྱུར་བའི་རེ་བ་དེ་ཚོགས་འདུའི་སྟེང་དངོས་སུ་ལག་བསྟར་དངོས་འབེབས་བྱས་པ་རེད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ལ། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དོན་དངོས་ལ་རྐང་བཙུགས་ནས། དཀྱིལ་སྙིང་ལ་དམིགས་པ་དང་། ཆེ་ཕྱོགས་ལ་ཞབས་ཕྱི་བསྒྲུབས་པ། བསམ་ཕྱོགས་གསར་སྤེལ་དང་། ནང་རྐྱེན་འཐུས་ཚང་དུ་བཏང་བ། ཐབས་ལམ་བཟང་བོ་སྤྱད་དེ། དངོས་འབེབས་བྱ་བ་ཇེ་དྲག་ཏུ་བཏང་བ་དང་། འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་དམངས་འཚོ་ཇེ་བཟང་དུ་གཏོང་བ། འཆམ་མཐུན་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་ཐད་ནས་གོམ་པ་བརྟན་པོ་སྤོས་ནས། ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་ཐད་ལ་ནུས་པ་ཆེན་པོ་བཏོན་པ་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་འདོད།

ཨུ་ཡོན་རྣམས་ཀྱིས་བཤད་རྒྱུར། འགན་འཁྲི་ལག་བསྟར་བྱེད་པའི་ཁྲོད་དུ་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་འགན་ནུས་འདོན་སྤེལ་བྱེད་པའི་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་པ་དང་། ཞིང་ཆེན་གྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་གཉིས་མཉམ་དུ་སྦྲེལ་ནས་བྱ་བ་སྒྲུབ་པའི་མཚོ་སྔོན་སྲིད་གྲོས་ཀྱི་རྣམ་པ་ཞིག་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་དགོས། ཉམས་མྱོང་ལེན་པའི་རྨང་གཞིའི་སྟེང་། རང་སྟེང་གི་ཁྱད་ཆོས་ལྡན་པའི་ཉམས་མྱོང་གསར་བ་གསོག་དགོས་པ་དང་། བསམ་ཕྱོགས་གསར་བ་དང་། བྱེད་ཐབས་གསར་བ་འཚོལ་ཞིབ་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག