མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མགོ་ལོག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-19 12:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས17ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མགོ་ལོག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན་གྱིས་གཏམ་བཤད་གལ་ཆེན་གནང་། ཁོས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་མགོ་ལོག་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་དེ་གོ་གནས་གལ་ཆེན་དུ་འཇོག་པ་དང་། མགྱོགས་མྱུར་སྒོས་མགོ་ལོག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་ལག་བསྟར་སྔར་ལས་བཟང་བོ་བྱས་ཏེ། མགོ་ལོག་གི་དཔལ་འབྱོར་ལ་མཆོངས་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཡུན་རིང་གཏན་འཇགས་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་བསྐྲུན་དགོས་ཟེར།

ཝང་ཅན་ཅོན་དང་ལོ་ཡུས་ལིན། ཡན་ཅིན་ཧེ། ཁྲིན་ལིས་ཧྭ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། མཱ་ཧྲུན་ཆིན་གྱིས་ཚོགས་འདུར་མགོ་འཛིན་བྱས།

ཧའོ་ཕིན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མགོ་ལོག་གི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ2013ལོའི་ལོ་མགོར་མགོ་ལོག་གི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ཡིག་ཆ་བཞི་བ་ཕྱིར་བཏོན་པས། ལོ་གཅིག་གི་རིང་ལ། མགོ་ལོག་གི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་གྱི་ལས་དོན་སྣ་ཚོགས་ཐད་གྲུབ་འབྲས་མངོན་གསལ་བླངས་པ་དང་། ལྷག་པར་དུ་རྨང་གཞིའི་སྒྲིག་ཆས་མུ་མཐུད་དུ་འཐུས་ཇེ་ཚང་དུ་སོང་བ་དང་། ཞིང་ཕྱུགས་ལས་ཀྱི་འཕེལ་སྟངས་བསྒྱུར་བའི་གོམ་འགྲོས་ཇེ་མགྱོགས་སུ་སོང་ལ། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཐད་ཕན་འབྲས་བཟང་བོ་བླངས་ཤིང་། དམངས་འཚོའི་ལས་དོན་ཐད་འཕེལ་རྒྱས་གསར་བ་བྱུང་བ་དང་། སྤྱི་ཚོགས་ཧྲིལ་བོའི་འཆམ་མཐུན་གཏན་འཇགས་རྒྱུན་འཁྱོངས་བྱས། ལག་ལེན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐག་གཅོད་དང་བཀོད་སྒྲིག་ཡང་དག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད་ཟེར།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། མགོ་ལོག་གིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་བྱ་བའི་ཁྲོད་དུ་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། མགོ་ལོག་གི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དེ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་ཕྱོགས་སོ་སོས་ངེས་པར་དུ་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་ཟིན་ཆགས་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་མགོ་ལོག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལྷག་པར་དུ་མགོ་ལོག་གི་དཀའ་ཁག་ཁྱད་པར་ཅན་ལ་སྲིད་ཇུས་ཁྱད་པར་ཅན་ལག་བསྟར་བྱས་ནས། མུ་མཐུད་དུ་ས་ཁུལ་བར་གྱི་འཕེལ་རྒྱས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ་དང་། མགྱོགས་མྱུར་སྒོས་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱིས་བཏོན་པའི་ཡིག་ཆ་བཞི་བའི་ལག་བསྟར་གནས་ཚུལ་ཡར་ཞུ་བྱས་པ་དང་། མགོ་ལོག་ཁུལ་ཏང་ཨུ་དང་། ཁུལ་སྲིང་གཞུང་གི་འགན་ཁུར་མི་སྣ་གཙོ་བོ་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཕྱུགས་ཐིན། དབུལ་སྐྱོར་གསར་སྤེལ་ཐིན། ཡུལ་སྐོར་ཅུའུ། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དོ་དམ་ཚད་ཡོད་ཀུང་ཟི་བཅས་ཀྱི་འགན་ཁུར་མི་སྣས་གཏམ་བཤད་གནང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག