མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་་གྲོས་ཚོགས་ཐེངས་གཉིས་པ་ཚོགས་མགོ་བརྩམས་པ་དང་རིན་ཆེན་རྒྱལ་གྱིས་སྙན་ཞུ་ཕུལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-19 12:11


སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་་གྲོས་ཚོགས་ཐེངས་གཉིས་པ་ཚེས18ཉིན་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།

ཀྲུའུ་ཞི་གཞོན་པ་ལོ་ཁྲའོ་དབྱང་གིས་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཐུན་སྒྲིལ་དམ་པོས་སྟོབས་ཤུགས་གཅིག་ཏུ་སྡུད། ། འབད་བརྩོན་ཆེན་པོས་རླབས་ཆེན་ལས་དོན་སྐྲུན། ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཚེས18ཉིན་གྱི་སྔ་དྲོར་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རྟོག་དཔྱོད་ཞིབ་འཇུག་ཟབ་མོ་བྱས་པའི་གྲོས་གཞི་ཁྱེར་བ་དང་། ཁུལ་གསུམ་འཛུགས་སྐྲུན་སྤེལ་བའི་བསམ་གཞིགས་བཅངས་ནས་མཉམ་གཅིག་ཏུ་འཛོམས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་དང་འཚོ་བར་གསར་བ་གསར་སྐྲུན་བྱེད་པར་བློ་གྲོས་ཀྱིས་ཕྱུག་པའི་གྲོས་གཞི་དང་དངོས་གཉེར་ཡིན་པའི་ཇུས་གཞི་བཏོན།

གྲོས་ཚོགས་ལྟེ་གནས་སུ་དམངས་གཙོ་དང་དངོས་གཉེར། འཆམ་མཐུན། ཡར་བརྩོན་བཅས་ཀྱི་སྣང་ཚུལ་གྱིས་ཁེངས་ཤིང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་མཚོན་པའི་སྲིད་གྲོས་ཀྱི་ཚོགས་རྟགས་ཀྲུའུ་ཞི་སྟེགས་བུའི་རྒྱབ་ཡོལ་གྱི་དཀྱིལ་དུ་བཀལ་ཡོད་ལ། བཀྲགས་མདངས་འཚེར་བའི་དར་དམར་བཅུས་དེའི་མཐའ་གཉིས་བརྒྱན་ཡོད།

ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གོ་བདུན་ཡོད་ལ། ཨུ་ཡོན་སུམ་བརྒྱ་ང་དགུ་ཚོགས་ཐོག་ཏུ་འབྱོར་བས། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

སྔ་དྲོའི་དུས་ཚོད་དགུའི་སྟེང་ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་ཚོགས་མགོ་བརྩམས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་ལོ་ཁྲའོ་དབྱང་། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན། གཟིམ་ཁང་ཚང་། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཚོགས་ཆེན་ལ་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་པད་མ། ཞིང་ཆེན་ཏང་ཨུའུ་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅུན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལོ་ཡུས་ལིན་དང་ཅི་ཏིས་མ་ཅ། རྡོ་རྗེ་རབ་བརྟན། ཝང་ལིན་ཅུན། ཝང་ཞའོ་ཆིན། ཀྲང་ཀྲོང་རུང་། ཝང་ཞའོ། སུའུ་ཉིན། ཝུའུ་ཡུས་ཏི། མའོ་ཞའོ་པེན་བཅས་ཚོགས་འདུར་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཁྲིན་ཙི་ཆོན་གྱིས་ཚོགས་འདུར་མགོ་འཛིན་བྱས།

ཚོགས་ཆེན་སྟེང་ཐོག་མར་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་།

རིན་ཆེན་རྒྱལ་གྱིས་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།

སྙན་ཞུས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་གཙོ་བོར་བཟུང་ནས་སྲིད་གླེང་སྲིད་གྲོས་ཀྱི་ཕན་འབྲས་ཧུར་ཐག་གིས་ཇེ་མཐོར་བཏང་བ་དང་། དཀའ་ཁག་ཅན་གྱི་མང་ཚོགས་ལ་ལས་ཞུགས་རོགས་སྐྱོར་བྱེད་རྒྱུ་དེ་འབད་བརྩོན་བྱེད་སར་བརྩིས་ཏེ། མང་ཚོགས་ལ་དོན་དངོས་སྒྲུབ་པར་འབད་བརྩོན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ནས་དཀའ་ཁག་ཅན་གྱི་མང་ཚོགས་ལ་ལས་ཞུགས་རོགས་སྐྱོར་བྱེད་པའི་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཡོན་ལས་འགན་དུ་བརྩིས་ནས་སྤྱི་མཐུན་འཆམ་མཐུན་ལ་འབད་བརྩོན་ཆེན་པོས་ཡར་སྐུལ་བྱས་པ། ཕྱོགས་ཡོངས་ནས་སྤེལ་བ་དམིགས་འབེན་དུ་བརྩིས་ཏེ། རྒྱུན་ལྡན་རང་བཞིན་གྱི་བཟང་པོར་སྒྲུབ་པར་འབད་བརྩོན་བྱས་ནས། གྲོས་འདོན་དང་། སྤྱི་ཚོགས་གནས་ཚུལ་དང་དམངས་བློའི་གནས་ཚུལ། གསར་འགྱུར་དྲིལ་སྒྲོག རིག་གནས་ལོ་རྒྱུས་རྒྱུ་ཆ་སོགས་རྒྱུན་ལྡན་རང་བཞིན་གྱི་བྱ་བ་སྣ་ཚོགས་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་པ། མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གོ་སྐབས་སུ་བརྩིས་ཏེ། ཀུན་སྤྱོད་ཧུར་ཐག་གིས་བསྒྱུར་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་རྩ་འཛུགས་དང་ལག་བསྟར་ནན་མོ་བྱས་པ་བཅས་ཕྱོགས་ལྔ་ནས་འདས་པའི་ལོ་གཅིག་གི་བྱ་བ་སྤྱི་བསྡོམས་བྱས།

སྙན་ཞུའི་ནང་བསྟན་དོན། ཉིས་སྟོང་བཅུ་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱིས་བྱ་བ་བསྒྲུབས་མགོ་བརྩམས་པའི་ལོ་ཡང་ཡིན། ལོ་གཅིག་གི་རིང་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་དམ་དུ་བཟུང་བ་དང་། མཚོ་སྔོན་གྱི་ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་སྤྱིའི་འཐབ་ཇུས་ལ་དམ་དུ་དམིགས་ནས། ཡར་བརྩོན་ལྷོད་མེད་དང་འགན་ནུས་ལག་བསྟར་ནན་མོ་བྱས་ཏེ་འཕེལ་རྒྱས་སུ་གཏོང་བའི་ཁྲོད་དུ་བློ་གྲོས་དང་སྟོབས་ཤུགས་བཏོན་པ་དང་། དམངས་འཚོ་ལེགས་བཅོས་ཁྲོད་དུ་འབད་བརྩོན་ལྷོད་མེད་བྱས་ལ། འཆམ་མཐུན་ཡར་སྐུལ་ཁྲོད་དུ་ནུས་པ་འདོན་སྤེལ་བྱས་པ་དང་། ཀུན་སྤྱོད་ལེགས་སྒྱུར་ཁྲོད་དུ་ལག་ལེན་གཙིགས་སུ་བཟུང་ནས། མཚོ་སྔོན་གྱི་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་བཞག

སྙན་ཞུ་ལས་བསྟན་དོན། ཉིས་སྟོང་བཅུ་བཞི་ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ལོ་གལ་ཆེན་ཞིག་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་བཀོད་དམིགས་འབེན་ཡོངས་འགྲུབ་བྱེད་པའི་གནད་འགག་གི་ལོ་ཡིན། ལོ་འདིའི་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་སྤྱིའི་རེ་བ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་བཏོན་པའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ཁུལ་གསུམ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པ། འབྱོར་འབྲིང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་མཚོ་སྔོན་སྲིད་སྐྱོང་གི་ཇུས་གཞི་གསར་བར་དམ་དུ་དམིགས་ནས། འགན་ནུས་ལག་བསྟར་ནན་མོ་བྱེད་པ་དང་། ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བློ་འདོན་ཇུས་འབུལ་དང་། མི་སེམས་གཅིག་སྒྲིལ། མཐུན་སྒྲིལ་ཡར་སྐུལ། འགལ་བ་ཐག་གཅོད། བརྟན་འཇགས་སྐུལ་འདེད་བཅས་ཀྱི་བྱ་བ་བཟང་པོར་སྒྲུབ་སྟེ། མི་དམངས་སྲིད་གྲོས་ཀྱི་ལས་དོན་རྒྱུན་ཆད་མེད་པར་གོང་འཕེལ་དུ་བཏང་ནས་འབྱོར་འབྲིང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་རྒྱུ་དེ་ཡིན།

རིན་ཆེན་རྒྱལ་གྱིས་ཕྱོགས་བཞིའི་ཐད་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཉིས་སྟོང་བཅུ་བཞི་ལོའི་བྱ་བ་གཙོ་བོ་རྒྱས་བཤད་བྱས་པ་སྟེ། བློ་མཐུན་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ཏེ། མཐུན་སྒྲིལ་མཉམ་ལས་ཀྱི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བསྐྲུན་པ་དང་། ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྟེང་བསྐྱོད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ། མི་དམངས་སྲིད་གྲོས་ལས་དོན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་ངོས་འཛིན་སྔར་ལས་ཟབ་མོ་བྱེད་པ། སྲིད་གྲོས་ཀྱི་ནུས་པ་འདོན་པར་བརྟེན་ནས་རང་རྒྱལ་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་མཚོན་པ་བཅས་རེད།

ལོ་ཁྲའོ་དབྱང་གིས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཁོངས་གཏོགས་ལས་ཁུངས་སོ་སོ་དང་ཆེད་དོན་ཨུ་ཡོན་ལས་ཁུངས་སོ་སོས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་བཅས་འཛུགས་སྐྲུན་གྱི་གནད་དོན་གལ་ཆེན་ལ་དམ་དུ་དམིགས་ནས། གྲོས་གཞི་བཞི་བརྒྱ་དང་གྱ་བཞི་བཏོན། ཞིབ་བཤེར་བྱས་རྗེས་གྲོས་གཞི་བཞི་བརྒྱ་དང་སོ་ལྔ་ཐོ་འགོད་བྱས། ཉིས་སྟོང་བཅུ་གསུམ་ལོའི་ལོ་མཇུག་བར་དུ། གྲོས་གཞི་ཚང་མ་བསྒྲུབས་ཚར་བ་དང་། གྲོས་གཞི་བསྒྲུབས་པའི་མཇུག་འབྲས་ལ་བལྟས་ན། གྲོས་གཞི་དང་ལེན་བྱས་པ་དང་། གནད་དོན་ཐག་བཅད་པ་དང་ཡང་ན་ཕལ་ཆེར་ཐག་བཅད་པའི་གྲོས་གཞི་བརྒྱ་དང་ང་གཅིག་ཡོད་ལ། དེས་གྲོས་གཞི་སྤྱི་གྲངས་ཀྱི་བརྒྱ་ཆའི་སོ་བཞི་ལྷག་ཟིན། འཆར་གཞིའི་ནང་བཀོད་དེ་རིམ་བཞིན་ཐག་གཅོད་པའི་གྲོས་གཞི་ཉིས་བརྒྱ་དང་ཉེར་བཞི་ཡོད་ལ་བརྒྱ་ཆའི་ང་གཅིག་ལྷག་ཟིན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དཔྱད་གཞིར་འཛིན་རྒྱུའི་གྲོས་གཞི་དྲུག་ཅུ་ཡོད་པ་དང་བརྒྱ་ཆའི་བཅུ་གསུམ་ལྷག་ཟིན་ཡོད་ཟེར།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་དམག་ཁུལ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། བཅའ་སྡོད་དམག་དཔུང་དང་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་མགོ་ཁྲིད་བློ་མཐུན་དང་། ཟི་ལིང་དུ་ཡོད་པའི་སྐབས་བཅུ་བའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བློ་མཐུན་རྒན་པ་ཁ་ཤས་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས།


ཨུ་ཡོན་རྣམས་ཀྱིས་སྙན་ཞུ་ལ་ནན་གྱིས་ཉན་བཞིན་པ།

ཨུ་ཡོན་སྙན་ཞུ་ལ་ནན་གྱིས་ཉན་བཞིན་པ།

ཨུ་ཡོན་རྣམས་ཀྱིས་སྙན་ཞུ་ལ་ནན་གྱིས་ཉན་བཞིན་པ།

ཨུ་ཡོན་རྣམས་ཀྱིས་སྙན་ཞུ་ལ་ནན་གྱིས་ཉན་བཞིན་པ།

ཨུ་ཡོན་རྣམས་ཀྱིས་སྙན་ཞུ་ལ་ནན་གྱིས་ཉན་བཞིན་པ།

ཨུ་ཡོན་རྣམས་ཀྱིས་སྙན་ཞུ་ལ་ནན་གྱིས་ཉན་བཞིན་པ།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག