མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་སྲིད་གཞུང་གིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ《སྲིད་གཞུང་བྱ་བའི་སྙན་ཞུ》དང་སྲིད་གཞུང་གི་ལས་དོན་ཐད་ནས་ཡོངས་ཁྱབ་ཀྱི་བསམ་འཆར་བསྡུ་ལེན་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-19 11:49

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས6ཉིན་ནས་ཚེས9ཉིན་བར།  ཞིང་ཆེན་སྲིད་གཞུང་གིས་ཐེངས་ལྔ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། 《སྲིད་གཞུང་བྱ་བའི་སྙན་ཞུ》དང་སྲིད་གཞུང་གི་ལས་དོན་ལ་བཏོན་པའི་བསམ་འཆར་ཡོངས་ཁྱབ་ཀྱི་བསྡུ་ལེན་བྱས།  དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ།  སྲིད་གཞུང་གི་ཚན་ཧྲི་དང་བཟོ་ཚོང་ཁེ་ལས་མི་སྣ་དང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་བཅས་ས་གནས་སོ་སོའི་སྲིད་གཞུང་གི་འགན་ཁུར་མི་སྣ་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་བསམ་འཆར་བཏོན།

 ཧའོ་ཕིན་དང་ལའོ་ཡུས་ལིན།  ཡན་ཅིན་ཧེ་བཅས་ཀྱིས་སོ་སོས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་པ་དང་།  ཝང་ཞའོ་དང་མྰ་ཧྥིན་ཆིན། ཀྲང་ཅན་མིན།  ཁྲིན་ལིས་ཧ་སོགས་བཞུགས་མོལ་ཚོགས་འདུར་ཞུགས། 

 བཞུགས་མོལ་ཚོགས་འདུའི་སྟེང་།  ཧའོ་ཕིན་གྱིས་ཚོགས་འདུའི་འགོ་མཇུག་བར་གསུམ་དུ་ནན་ཏན་སྒོས་ཉན་པ་དང་ནང་དོན་ཟིན་ཐོ་འགོད་བཞིན་ཡོད།  ཁོས་ཞིང་ཆེན་སྲིད་གཞུང་གིས་ཚབ་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་ལ་བཏོན་པའི་དཀའ་སྤྱད་སྡུག་རུས་དང་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།  ཁོས་སྒྲིག་ཁྲིམས་ལྡན་པའི་སྲིད་གཞུང་ཞིག་འཛུགས་སྐྲུན་བྱེད་དགོས་ན།ཕྱོགས་ཡོངས་ཀྱི་བསམ་འཆར་སྣ་ཚོགས་ལ་དོ་སྣང་བྱེད་དགོས་པ་དང་།  ང་ཚོས་ཡོངས་ཁྱབ་སྒོས་བསམ་འཆར་བསྡུ་ལེན་བྱེད་པ་ནི《སྲིད་གཞུང་བྱ་བའི་སྙན་ཞུ》འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ཆེད་ཡིན་པ་མ་ཟད།  སྲིད་གཞུང་གི་ཇུས་གཞི་སྔར་ལས་དམངས་གཙོ་དང་ཚན་རིག་གི་རང་བཞིན་ལྡན་པ། སྔར་ལས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རེ་འདུན་མངོན་འགྱུར་བྱེད་ཐུབ་པ།  སྔར་ལས་མང་ཚོགས་ཀྱི་བློ་གྲོས་བསྡུ་ལེན་བྱེད་པ་སོགས་ལྡོག་རྩ་གཅིག་སྒྲིལ་སྒོས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཕྱོགས་ཀྱི་བྱ་གཞག་སོ་སོ་ལེགས་པོ་སྒྲུབ་ཐུབ་པའི་ཆེད་ཡང་ཡིན་ཞེས་བསྟན།

  ཧའོ་ཕིན་གྱིས་བཤད་རྒྱུར།  བློ་མཐུན་ཚོ་དང་བཞུགས་མོལ་བྱེད་དུས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་དང་།  ཚང་མས་སྦ་གསང་མེད་པར་བསམ་འཆར་བཏོན་པས།ང་ཚོར་ལྟ་ཚུལ་ལེགས་པ་དང་།  ཆུ་ཚད་ལྡན་པའི་བསམ་འཆར་འདོན་སྤྲོད་བྱས།  བསམ་འཆར་དེ་དག་ལ་ཆེད་ལས་ཀྱི་རང་བཞིན་ལྡན་པ་མ་ཟད།  མང་ཚོགས་ཀྱི་ཕུགས་འདུན་ཡང་མངོན་ཡོད་ཅིང་།  ང་ཚོས་སྲིད་གཞུང་བྱ་བའི་སྙན་ཞུ་ལེགས་བསྒྱུར་བྱེད་པ་དང་ལས་འགན་ལག་བསྟར་བྱེད་པ།  བྱ་གཞག་སོ་སོ་ལེགས་པོ་སྒྲུབ་པ་སོགས་ལ་ཕན་འབྲས་ཆེན་པོ་ལྡན་པས།  ང་ཚོས་ནན་ཏན་སྒོས་ཞིབ་འཇུག་བྱས་ཏེ་བསྡུ་ལེན་བྱེད་རྒྱུ་ཡིན།

 ཧའོ་ཕིན་གྱིས་བསྟན་དོན། 2014ལོའི་བྱ་བ་གང་ལེགས་སྒྲུབ་རྒྱུ་ནི། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་སྤེལ་པ་དང་ཁུལ་གསུམ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། བདེ་བླག་ངང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་གཞི་ལེགས་འགྲུབ་འབྱུང་བར་དོན་སྙིང་གལ་ཆེན་ལྡན་ཞིང་། འདིའི་ཕྱོགས་ནས་སྲིད་གཞུང་གིས་སྔར་ལས་དངོས་ཐོག་བདེན་འཚོལ་དང་ནན་ནན་ཏིག་ཏིག་གིས་བྱ་བའི་གོམ་སྲོལ་རྒྱུན་སྐྱོང་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཚང་འཛོགས་གྲོས་ཚོགས་སུ་གཏན་འཁེལ་བྱས་པའི་འཐབ་ཇུས་འགན་འཁུར་ལ་དམིགས་ཏེ། བརྟན་འཇགས་ཁྲོད་འཕེལ་རྒྱས་སུ་གཏོང་བ་དང་། བཅོས་སྒྱུར་གསར་སྤེལ་བྱེད་པ། སྤུས་ཀ་མཐོར་འདེགས་སུ་བཏང་ནས་ཕན་འབྲས་འཕར་སྣོན་ཡོང་བར་དོ་སྣང་བྱེད་པ། འཆམ་མཐུན་བརྟན་འཇགས་ལ་ཡར་སྐུལ་གཏོང་བ་བཅས་ལ།ཕྱོགས་སོ་སོས་སྲིད་གཞུང་དང་མཉམ་དུ་མཐུན་སྒྲིལ་གཞོགས་འདེགས་དང་དཀའ་སྡུག་མཉམ་མྱོང་། མཉམ་དུ་འབད་བརྩོན་བྱེད་དགོས་པར་ཐུག་ཡོད་པས། ཚང་མས་འགན་འཁྲི་སྔར་ལས་ཕྲག་ཏུ་བླངས་ཏེ། གྲོས་མཐུན་གཅིག་བསྡུས་དང་དགེ་མཚན་འདོན་སྤེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བསྟུད་མར་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་དགོས་བའི་བླང་བྱ་བཏོན།  །  

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག