མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལའོ་ཧུའེ་ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚན་ཆུང་ཚོགས་འདུར་ཞུགས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-19 11:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧུའེ་ཉིན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན་དང་སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་འགན་སྲུང་ཚན་ཆུང་བཅས་ཀྱི་ཞིབ་བསྡུར་གྲོས་ཚོགས་སུ་ཞུགས། ལའོ་ཧུའེ་ཉིན་གྱིས་བཤད་རྒྱུར། དམངས་འཚོ་བྱ་བ་དེ་ནམ་ཡིན་ཡང་འབུར་ཐོན་གྱི་གནས་སུ་བཞག་སྟེ་གཙིགས་སུ་འཛིན་པ་དང་། མི་དམངས་མང་ཚོགས་ཀྱི་འདོད་བློ་གསར་བར་རྒྱུས་ལོན་བྱས་ནས་དམངས་འཚོའི་བྱ་བའི་གཙོ་གནད་ཤེས་རྟོགས་བྱེད་པ་དང་། བཅོས་བསྒྱུར་གྱི་སྙིང་སྟོབས་ཀྱིས་དམངས་འཚོའི་བྱ་བར་སྐུལ་འདེད་བཏང་ནས་ཕན་འབྲས་གསར་བ་ལེན་དགོས།

གྲོས་ཞིབ་ཚོགས་འདུའི་སྟེང་། མ་ཏི་མིན་དང་ཅའོ་ཧོན་ཡུས། ཚའོ་ཧྲིན་རོས། ཞའོ་ཅན་ཅིན། ཞུའུ་ཚུན་ཧི། ཀྲང་ཧུང་ཝུའུ་ཨུ་ཡོན་སོགས་ཀྱིས་དམངས་འཚོ་གནད་དོན་དང་འབྲེལ་བའི་གཏམ་བཤད། ལའོ་ཧུའེ་ཉིན་གྱིས་ཟིན་ཐོ་འགོད་བཞིན་ཨུ་ཡོན་རྣམས་དང་བསམ་ཚུལ་བརྗེ་རེས་བྱས།

ལའོ་ཧུའེ་ཉིན་གྱིས་གཏམ་བཤད་ནང་།འདས་པའི་ལོ་གཅིག་གི་ཞིང་ཆེན་སྲིད་གྲོས་བྱ་བར་གདེང་འཇོག་མཐོན་པོ་མཛད་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ལོ་གསར་བའི་ནང་མུ་མཐུད་དུ་ལེགས་ཆ་འདོན་སྤེལ་བྱས་ཏེ། སྔར་ལས་ལྷག་པར་བརྟག་བཤེར་ཞིབ་འཇུག་ལ་ཤུགས་བསྣན་ནས།ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་སྲིད་ཇུས་གཏན་འཁེལ་བྱེད་པར་ཇུས་གཞི་དང་བསམ་ཚུལ་འདོན་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག