མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཁྲོམ་རའི་རིན་གོང་སྙོམས་སྒྲིག་ཚོད་འཛིན་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱིས་ད་ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-17 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་རིན་གོང་སྙོམས་སྒྲིག་ཚོད་འཛིན་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱིས་ཚེས14ཉིན2014ལོའི་ཚོགས་འདུ་ཐེངས་དང་པོ་བསྡུས། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་ད་ལོའི་རིན་གོང་སྙོམས་སྒྲིག་ཚོད་འཛིན་བྱ་བ་བཟང་པོར་སྒྲུབ་པའི་སྐོར་གྱི་རེ་བ་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ན་ནིང་གི་ཞིང་ཆེན་ཡོངས་ཀྱི་རིན་གོང་སྙོམས་སྒྲིག་ཚོད་འཛིན་བྱ་བ་སྤྱི་བསྡོམས་བྱས་པ་མ་ཟད། ད་ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། 2013ལོར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁྲོམ་རའི་རིན་གོང་སྙོམས་སྒྲིག་ཚོད་འཛིན་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་ནན་མོ་བྱས་ཏེ། ལོ་མགོར་གཏན་ལ་ཕབ་པའི་སྙོམས་སྒྲིག་ཚོད་འཛིན་གྱི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱས། ད་ལོར་ཞིང་ཆེན་ཡོངས་ཀྱི་དངོས་གོང་ཇེ་མཐོར་འགྲོ་བའི་ཉེན་ཁ་སྔར་བཞིན་གནས་པ་དང་། རིན་གོང་སྙོམས་སྒྲིག་ཚོད་འཛིན་གྱི་ལས་འགན་ཧ་ཅང་ལྗིད་པས། གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་བསྡུས་ཇུས་གཞི་སྤྱོད་པ། དངོས་གོང་ལ་བརྟན་བརླིང་སྒོས་ཚོད་འཛིན་བྱེད་པ་བཅས་བྱས་ཏེ། རིན་གོང་ལུགས་མཐུན་ཡོང་བར་ཁག་ཐེག་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག