མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-17 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་ཚེས15ཉིན་ཚོགས། གསར་འགོད་པས་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ན་ནིང་མཚོ་སྔོན་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་དམངས་འཚོ་གཙོ་བོར་འཛིན་པ་དང་ཤེས་ལྡན་མི་སྣ་ཚད་ཡོད་ཀྱི་བྱ་བའི་བྱེད་ཕྱོགས་གཞིར་བཟུང་སྟེ་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

ན་ནིང་ཞིང་ཆེན་ཡོངས་སུ་གསར་དུ་ལས་ཞུགས་བྱས་པའི་མི་ཁྲི་དྲུག་ལ་བསླེབས་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་བ་ཞོར་ལས་ལ་སོང་བའི་མི་གྲངས་མི་ཐེངས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་ལྔར་བསླེབས་ལ། གྲོང་རྡལ་གྱི་ལས་ཤོར་གྱི་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་གསུམ་ཡིན། མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མ་བྱ་བར་ཞུགས་ཚད་བརྒྱ་ཆའི་གྱ་བརྒྱད་ལ་བསླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་གྱི་ལས་བཟོ་བའི་གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས། ལས་ཞུགས། ལས་གནས་སུ་རྨས་ཕོག་པ། བུ་བཙས་འགན་སྲུང་བཅས་ལ་ཞུགས་པའི་མི་གྲངས་སོ་སོར་ན་ནིང་ལས་བརྒྱ་ཆའི་ལྔ་དང་། བརྒྱ་ཆའི་བཞི་དང་གྲངས་ཆུང་བརྒྱད། བརྒྱ་ཆའི་གཅིག་དང་གྲངས་ཆུང་དྲུག བརྒྱ་ཆའི་ལྔ་དང་གྲངས་ཆུང་བདུན། བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་དྲུག་བཅས་ཡིན་པ་དང་། ཞིང་སྡེ་གསར་བའི་སྨན་བཅོས་འགན་སྲུང་དང་གྲོང་རྡལ་སྡོད་དམངས་སྨན་བཅོས་འགན་སྲུང་དུ་ཞུགས་ཚད་སོ་སོར་བརྒྱ་ཆའི་གཅིག་དང་གྲངས་ཆུང་དྲུག་དང་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་ལྔ་ཡིན།

ན་ནིང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་ཐད་ནས་ཁྲིན་ལིས་ཧྭ་ཡིས་ནན་གྱིས་བསྟན་དོན། གཅིག་ནས་ངེས་པར་དུ་གནད་ས་འབུར་དུ་ཐོན་པ་དང་བྱེད་ཐབས་ཇེ་ལེགས་སུ་བཏང་ནས། བྱ་བ་སྣ་ཚོགས་ལ་གཅིག་གྱུར་གྱིས་ཡར་སྐུལ་བྱས་ཏེ་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་དགོས། གཉིས་ནས་ཞབས་འདེགས་ལེགས་ཞུ་དང་སྤྱོད་སྟངས་བསྒྱུར་ནས་འབད་བརྩོན་གྱིས་འགན་སྲུང་ནུས་བ་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས། གསུམ་ནས་སྟོབས་ཤུགས་ཡོད་ཚད་འབུལ་བ་དང་བྱ་བའི་ཁ་ཕྱོགས་གསལ་བོར་ཤེས་པར་བྱས་ནས་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག