མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་མི་དོན་བཀོད་སྒྲིག་ཐད་ནས་ཏང་ཕྱིའི་མི་སྣའི་བསམ་འཆར་བསྡུ་ལེན་བྱས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-17 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཚེས15ཉིན་ཏང་ཕྱིའི་མི་སྣའི་དམངས་གཙོ་གྲོས་མོལ་ཚོགས་འདུ་བསྡུས་ཏེ། མི་དོན་བཀོད་སྒྲིག་ཐད་ནས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ལིན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡི་ཚབ་བྱས་ནས་ཚོགས་ཞུགས་མི་སྣ་རྣམས་ལ་མི་དོན་བཀོད་སྒྲིག་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་འདེམ་སྒུག་པའི་གནས་ཚུལ་མཚམས་སྦྱོར་ཞིབ་མོ་བྱས།

ཝང་ལིན་ཅོན་གྱིས་མི་འགྱང་བར་བསྡུ་རྒྱུ་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་འདུ་གཉིས་ཀྱི་སྟེང་། ས་གནས་རྩ་འཛུགས་བཅའ་ཁྲིམས་དང་སྲིད་གྲོས་སྒྲིག་སྲོལ་གྱི་གཏན་ཁེལ་གཞིར་བཟུང་ནས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་བཅས་གདམ་རྒྱུ་ཡིན་ལ། འདི་ནི་མཚོ་སྔོན་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཏང་ཕྱིའི་མི་སྣས་གྲོས་སྡུར་ནན་མོ་བྱེད་པ་དང་བསམ་ཚུལ་ལྷུག་པོར་བརྗོད་ནས་ཞིང་ཆེན་ཏང་ཨུའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཐེངས་འདིའི་འདེམ་བསྐོ་བྱ་བ་བཟང་པོར་བསྒྲུབ་པར་རམ་འདེགས་བྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཞེས་བཤད།

གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་པའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཕྱིའི་ཀྲུའུ་རིན་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཕྱིའི་ཀྲུའུ་ཞི་གཞོན་པ། དེ་མིན་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་ཚབ་པ་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་འཐུས་ཚབ་པ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་མི་དོན་བཀོད་སྒྲིག་ཐད་ནས་དམངས་གཙོ་འདོན་སྤེལ་གང་ལེགས་བྱས་པ་དང་ཏང་ཕྱིའི་མི་སྣའི་བསམ་འཆར་སྡུད་ལེན་བྱས་པའི་སྒྲུབ་སྟངས་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད། མཚོ་སྔོན་ཞིང་ཆེན་ཆེན་ཏང་ཨུ་ཡིས་མི་དོན་བཀོད་སྒྲིག་བྱས་པར་རྦད་ཆོད་སྒོས་གོང་བཀུར་དང་མཐའ་གཅིག་ཏུ་འཐད་པ་ཡིན་པའི་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག