མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2014ལོའི་ཁྲིམས་འཛུགས་འཆར་འགོད་བྱ་བའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-17 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བཞི་ཉིན2014ལོའི་ཁྲིམས་འཛུགས་འཆར་འགོད་བྱ་བའི་གྲོས་ཚོགས་བསྡུས་ནས། ད་ལོའི་ཁྲིམས་འཛུགས་བྱ་བར་བཀོད་སྒྲིག་བྱས་ཏེ། ཁྲིམས་འཛུགས་འཆར་གཞི་དང་མཆན་འགོད་ཡར་ཞུ་ལས་གཞིའི་འཆར་གཞི་དུས་ལྟར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲིན་ཧི་ཡིས་འཆར་གཞི་འདི་གཉིས་དོན་འཁྱོལ་བྱེད་པ་དང་། ད་ལོའི་ཁྲིམས་འཛུགས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རེ་བ་ཞིབ་མོ་བཏོན།

ཧྲིན་ཧི་ཡིས་བསྟན་དོན། 2014ལོའི་ཁྲིམས་འཛུགས་འཆར་གཞི་དང་མཆན་འགོད་ཡར་ཞུ་ལས་གཞི་བྱ་བའི་འཆར་གཞི་ནི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2013ལོ་ནས2017ལོའི་ཁྲིམས་འཛུགས་འཆར་འགོད་དང་ད་ལོའི་ཞིང་ཆེན་ཡོངས་ཀྱི་བྱ་བའི་དགོས་མཁོ་གཞིར་བཟུང་ནས་གཏན་ཁེལ་བྱས་པ་ཡིན། 2014ལོའི་ཁྲིམས་འཛུགས་འཆར་གཞི་ཁྲོད་ཚུད་པའི་ཁྲིམས་འཛུགས་ལས་གཞི་དང་རྟོག་ཞིབ་ལས་གཞི་སོ་སོར་བཅུ་གཅིག་ཡོད་པ་དང་། མཆན་འགོད་ཡར་ཞུ་ལས་གཞི་བྱ་བའི་འཆར་གཞིའི་ཁྲོད་ཚུད་པའི་ལས་གཞི་བརྒྱད་ཡོད། ད་ལོའི་ཁྲིམས་འཛུགས་ལས་འགན་ཧ་ཅང་ལྕི་བའི་རྐྱེན་གྱིས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། རྫོང་གི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཁྲིམས་འཛུགས་འཆར་གཞི་དང་མཆན་འགོད་ཡར་ཞུ་ལས་གཞི་བྱ་བའི་འཆར་གཞི་ལག་བསྟར་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། མགོ་ཁྲིད་ལ་ཤུགས་སྣོན་པ་དང་། སེམས་ཞིབ་མོས་རྩ་འཛུགས་བྱས་ཏེ། རང་སྟེང་གི་འགན་ནུས་ལྟར་ནན་ཏན་གྱིས་བྱ་བ་སྤེལ་བ་དང་། འཆར་གཞིའི་ཁྲོད་ཚུད་པའི་ལས་གཞི་དུས་ལྟར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་སྤྲད་ནས་གྲོས་ཞིབ་བྱེད་པར་འགན་སྲུང་བྱས་ཏེ། ད་ལོའི་ཁྲིམས་འཛུགས་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ཧྲིན་ཧི་ཡིས་ཁྲིམས་འཛུགས་བྱ་བ་ནི་བརྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས། སྡེ་ཁག་སོ་སོའི་རམ་འདེགས་དང་ཕན་ཚུན་བར་གྱི་རྒྱབ་སྐྱོར་ལ་འབྲལ་ཐབས་མེད། དམངས་འཐུས་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་སྲིད་གཞུང་གི་བྱ་བའི་སྡེ་ཁག་སོ་སོ་གང་ཡིན་ཡང་། ཚང་མས་མཐུན་སྒྲིལ་འདུ་ཤེས་དང་རམ་འདེགས་འདུ་ཤེས། མཉམ་ལས་འདུ་ཤེས་བཅས་བརྟན་པོར་བཅངས་ནས། མཉམ་དུ་ཁྲིམས་འཛུགས་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག