མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་བརླན་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-15 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་བརླན་ས་སྲུང་སྐྱོང་དོ་དམ་ལྟེ་གནས་དང་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པའི་ཟི་ལིང་ལས་གཞི་གཞུང་སྒྲུབ་ཁང་གཉིས་ཀྱིས་ཐུན་མོང་གིས་སྒྲུབ་པའི་མཚོ་སྔོན་ཞིང་ཆེན་བརླན་ས་བརྟག་བཤེར་ཚད་ལེན་མ་ལག་ཞིབ་འཇུག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་རྒྱལ་སྤྱིའི་གཙོ་གནད་བརླན་ས་དང་རྒྱལ་ཁབ་བརླན་ས་སྤྱི་གླིང་། བརླན་ས་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དང་རྒྱལ་ཁབ་དང་ཞིང་ཆེན་གཙོ་གནད་བརླན་ས་བཅས་ཀྱིས་གྲུབ་པའི་བརླན་སའི་བརྟག་བཤེར་ཚད་ལེན་མ་ལག་བཙུགས།

2012ལོར་ལེགས་འགྲུབ་བྱས་པའི་རྒྱལ་ཡོངས་སྐོར་གཉིས་པའི་བརླན་ས་དང་བརླན་སའི་ཐོན་ཁུངས་ཞིབ་བཤེར་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི814.36ཡོད་པ་དང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་སུ་ནེའུ་གསེང་དང་མཚེའུ། ཆུ་བོ། མིས་བཟོས་བརླན་ས་བཅས་རིགས་ཆེན་མོ4ཡི་བརླན་ས་སྣ17ཡོད་པས། བརླན་སའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་རིགས་སྣ་མང་བ་དང་། གདོད་མའི་སྐྱེ་ཁམས་མ་ལག་གི་བྱེད་ནུས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ལ། རང་རྒྱལ་དང་ཐ་ན་འཛམ་གླིང་སྟེང་ཤུགས་རྐྱེན་ཆེ་བའི་སྐྱེ་ཁམས་སྙོམས་སྒྲིག་ས་ཁུལ་ཏུ་གྱུར་ཡོད།  །

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག