མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་བྱ་བའི་འབྲེལ་གཏུག་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-15 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་བྱ་བའི་འབྲེལ་གཏུག་ཚོགས་འདུ་བསྡུས། གྲོས་ཚོགས་ནས2013ལོའི་བྱ་བ་སྤྱི་བསྡོམས་བྱས་པ་དང་། 2014ལོའི་དམངས་འཐུས་ཚོགས་ཆེན་སློབ་གསོ་དང་། ཚན་རིག་རིག་གནས། འཕྲོད་བསྟེན་བཅས་ཀྱི་གནད་སའི་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

ཚོགས་ཐོག་ཏུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི2014ལོའི་ཁྲིམས་འཛུགས་དང་ལྟ་སྐུལ་བྱ་བ་ཁྱབ་བསྒྲགས་བྱས། ཚོགས་འདུར་ཞུགས་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བས་བྱ་བའི་གནད་སར་དམིགས་ནས་གཏམ་བཤད།

གྲོས་ཚོགས་ནས་བལྟས་ན། འདས་པའི་ལོ་གཅིག་གི་རིང་ལ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག དཀྱིལ་སྙིང་ལ་དམིགས་པ་དང་། ཆེ་ཕྱོགས་ལ་ཞབས་ཕྱི་བསྒྲུབས་པ། བཅའ་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱས་ནས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཁྲིམས་སྲོལ་སྲོལ་ཡིག་བཞིའི་ཐོག་མའི་རྩིས་ཞིབ་བྱ་བ་དང་། ཞིང་ཆེན་རིམ་པའི་ཁྲིམས་འཛུགས་རྟོག་ཞིབ་བྱ་བ་གསུམ་ཡོངས་འགྲུབ་བྱས་པ་དང་། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པར་སྙམ། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྲིད་གཞུང་འབྲེལ་ཡོད་སྡེ་ཁག་དང་དམངས་འཐུས་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ལོ་རྒྱུས་ཀྱི་འགན་འཁྲི་དང་བྱ་བའི་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་དགོས་པ་དང་། ལས་འགན་གསར་བ་དང་། རེ་བ་གསར་བ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་བ། ཁུལ་གསུམ་འཛུགས་སྐྲུན་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པའི་འགན་འཁྲི་གསར་བར་དམ་པོར་དམིགས་ནས། མཐུན་སྒྲིལ་འབད་འཐབ་ཀྱིས་སློབ་གསོ་དང་ཚན་རིག རིག་གནས་དང་འཕྲོད་བསྟེན་བཅས་ཀྱི་བྱ་བར་འཕེལ་རྒྱས་གསར་བ་འབྱུང་བར་བྱེད་དགོས་པ་དང་། སྟོབས་ཤུགས་མཉམ་འདོན་བྱས་ཏེ་གཞི་རིམ་དུ་སོང་ནས་ཐག་གཅོད་དཀའ་བའི་གནད་དོན་ཐག་གཅོད་པ་དང་། ཕན་འབྲས་ལྡན་པའི་སྒོ་ནས་དམངས་ལ་དོན་བཟང་སྒྲུབ་པ། བྱ་བ་སྣ་ཚོགས་ཀྱི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པ་དང་། རྒྱུ་སྤུས་མཐོ་བའི་སྒོ་ནས་ད་ལོའི་བྱ་བའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་དང་འཕྲོད་བསྟེན་བཅས་ཀྱི་ལས་དོན་ཐད་ཡང་བསྐྱར་གྲུབ་འབྲས་གསར་བ་ལེན་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག