མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམག་ཁུལ་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་བཅུ་བཞི་བ་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-15 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་དམག་ཁུལ་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་བཅུ་བཞི་བ་ཟི་ལིང་ནས་བསྡུས། གྲོས་ཚོགས་ནས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་ལན་ཀྲིག་དམག་ཁུལ་ཏང་ཨུའི་རྒྱ་བསྐྱེད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་དེར་སློབ་སྦྱོང་བྱས་པ་དང་། ཉིས་སྟོང་བཅུ་གསུམ་ལོའི་བྱ་བ་སྤྱི་བསྡོམས་བྱས་ནས། 2014ལོའི་ལས་འགན་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ལོ་ཧོས་ཉིན་གྱིས་ཚོགས་འདུ་གྲོལ་བའི་མཛད་སྒོའི་སྟེང་གཏམ་བཤད། གྲོས་ཚོགས་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཝུའུ་ཡུས་ཏི་ཡིས་བྱ་བའི་སྙན་ཞུ་ཕུལ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ལིས་སུང་ཧྲན་གྱིས་གཏམ་བཤད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་དང་། མཚོ་སྔོན་དུ་སྡོད་པའི་དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་མགོ་ཁྲིད་པ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ཟི་ལིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་ཚོགས་འདུ་གྲོལ་བའི་མཛད་སྒོར་ཞུགས།

ལོ་ཧོས་ཉིན་གྱིས་གཏམ་བཤད་སྐབས་འདས་པའི་ལོ་གཅིག་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་བཏང་བའི་གནས་ཚུལ་མདོར་བསྡུས་ཙམ་ཕྱིར་དྲན་བྱས་པ་དང་། དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། འཐབ་ཇུས་ཀྱི་ལས་འགན་བཏོན་པ་མ་ཟད། ཞིང་ཆེན་དམག་ཁུལ་གྱིས་མཚོ་སྔོན་ལ་ཞབས་ཕྱི་སྒྲུབ་པ་དང་དམུག་དཔུང་འཛུགས་སྐྲུན་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་ཁས་ལེན་གང་ལེགས་བྱས།

ལོ་ཧོས་ཉིན་གྱིས་བསྟན་དོན། ཞིང་ཆེན་དམག་ཁུལ་དང་། མཚོ་སྔོན་དུ་སྡོད་པའི་དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཛུབ་སྟོན་དུ་བརྩིས་ནས། རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། ལས་འགན་དང་རེ་བ་ཁོང་དུ་ཆུད་པར་བྱས་ནས། དམག་དཔུང་དང་ཉེན་རྟོག་པ། ས་གནས་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་ཐད་ལ་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་དགོས། གཅིག་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་རྒྱུན་འཁྱོངས་བྱས་ནས་འགན་འཁྲི་དངོས་སུ་ཕྲག་ཏུ་ལེན་དགོས། གཉིས་ནས་དམག་དཔུང་དང་ཉེན་རྟོག་པ། མང་ཚོགས་བཅས་ཀྱི་མཉམ་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། དམག་དཔུང་དང་ས་གནས་མཉམ་དུ་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་དགོས། གསུམ་ནས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་འགན་འཁྲི་དངོས་འབེབས་བྱས་ནས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་བར་བྱས་རྗེས་འཇོག་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག