མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ནུབ་ཁུལ་གྱིས་ཁ་གསབ་རོགས་དངུལ་སྒོར་བྱེ་བ་གཅིག་ལྷག་བཏང་སྟེ་དཀའ་ཁག་ཅན་གྱི་མང་ཚོགས་ཁྲི་བཞི་ལྷག་གི་གཞི་རྩའི་འཚོ་བར་ཁ་གསབ་བྱས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-15 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་གི་དཀའ་ཁག་ཅན་གྱི་མང་ཚོགས་དང་གཟིགས་སྐྱོང་བྱེད་ཡུལ་གྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གཞི་རྩའི་འཚོ་བར་སྔར་ལས་ཁག་ཐེག་བཟང་བོ་བྱེད་ཆེད། ཉེ་ལམ། མཚོ་ནུབ་ཁུལ་གྱིས་མཁར་གྲོང་གི་དཀའ་ཁག་ཅན་གྱི་མང་ཚོགས་ལ་འཚོ་བའི་ཁ་གསབ་རོགས་དངུལ་ཐེངས་གཅིག་ཏུ་སྒོར་བྱེ་བ་གཅིག་དང་འབུམ་བརྒྱད་ཁྲི་གཅིག་བཏང་སྟེ། མཁར་གྲོང་གི་དཀའ་ཁག་ཅན་གྱི་མང་ཚོགས་དང་གཟིགས་སྐྱོང་བྱེད་ཡུལ་གྱི་གཞི་རྩའི་འཚོ་བར་ཁ་གསབ་བྱས། དེ་དང་མཉམ་དུ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ས་ཡ་གསུམ་དང་འབུམ་དྲུག་བཏང་སྟེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་ཁ་གསབ་བྱེད་རྒྱུ་ཡིན་པར་མ་ཟད། ཁ་གསབ་རོགས་དངུལ་བཀོལ་སྤྱོད་དང་དོ་དམ་བྱེད་པར་ཤུགས་བསྣན་ཏེ། དྲང་གཞག་དང་འདྲ་མཉམ། མངོན་གསལ་བཅས་ཀྱི་སྒོ་ནས་ཁ་གསབ་རོགས་དངུལ་དཀའ་ཁག་ཅན་གྱི་མང་ཚོགས་ལ་སྟེར་བར་ཁག་ཐེག་བྱེད་པ་དང་། ཁ་གསབ་རོགས་དངུལ་ཁ་གསབ་བྱེད་ཡུལ་གྱི་ལག་ཏུ་འབྱོར་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག