མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ལྷོ་ཕྱོགས་ས་ཁུལ་གྱི་ཕྱུགས་ཟོག་གི་དགུན་དུས་གཟན་ཆས་སྐྱེལ་འདྲེན་བྱ་བ་ཡོངས་འགྲུབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོས་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ12པའི་ཟླ་དཀྱིལ་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་ལྷོ་ཕྱོགས་འབྲོག་ཁུལ་གྱི་ཕྱུགས་ཟོག་གི་དགུན་དུས་གཟན་ཆས་ཏུན་ཁྲི1གི་སྐྱེལ་འདྲེན་བྱ་བ་ཡོངས་འགྲུབ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐོལ་བྱུང་གི་རང་བྱུང་གནོས་འཚེའི་མཁོ་བསྟུན་ནུས་ཤུགས་ལ་འགན་སྲུང་བྱེད་ཆེད། ས་ཁུལ་སོ་སོས་ཁུལ་དང་རྫོང་སྲིད་གཞུང་གིས་གསོག་འཇོག་བྱེད་པའི་བྱེད་ཐབས་སྤྱད་དེ། ཡུལ་ཤུལ་དང་མགོ་ལོག་གཉིས་ཀྱི་ཁུལ་རིམ་པའི་གསོག་འཇོག་ཁང་དུ་གཟན་ཆས་ཏུན1300གསོག་འཇོག་བྱས་པ་དང་། རྨ་སྟོད་དང་རྫ་སྟོད་སོགས་རྫོང་བདུན་གྱི་གསོག་འཇོག་ས་ཚིགས་སུ་ཏུན1868གསོག་འཇོག་བྱས་ལ། ཡུལ་ཤུལ་དང་མགོ་ལོག རྨ་ལྷོ་བཅས་ཁུལ་གསུམ་དུ་གཟན་ཆས་གསོག་འཇོག་བྱས་ཏེ་ཁང་གནོད་ཐེབས་པར་སྔོན་འགོག་བཟང་བོ་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག