མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ཐོན་རྫས་བརྟན་བརླིང་ངང་འཕེལ་རྒྱས་སུ་སོང་སྟེ་ཚོང་རྟགས1162ཐོ་འགོད་བྱས་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་ལོ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཕྱུགས་ཐོན་རྫས་ཚོང་རྟགས1162ཐོ་འགོད་བྱས་ཡོད་ལ། ཀྲུང་གོའི་ཚོང་རྟགས་གྲགས་ཅན་གྱི་མིང་ཐོབ་པའི་ཞིང་ལས་དངོས་རྫས་13དང་ཀྲུང་གོའི་ཞིང་ལས་དངོས་རྫས་ཁྱབ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས2ཡོད་ལ། ཞིང་ལས་ཐོན་རྫས28ལ་མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་གྲགས་ཅན་གྱི་མིང་ཐོབ་པ་དང་། ཞིང་ལས་ཐོན་རྫས11ལ་མཚོ་སྔོན་ཞིང་ཆེན་གྱི་ཐོན་རྫས་གྲགས་ཅན་གྱི་མཚན་སྙན་ཐོབ།

མིག་སྔར། ཞིང་ཆེན་ཡོངས་སུ་བདེན་དཔང་ཐོབ་པའི་སྤྱི་ལ་གནོད་པ་མེད་པའི་ཚོང་རྟགས109དང་ལྷད་མེད་ཚོང་རྟགས་དོན་བཞི། སྐྱེ་ལྡན་ཚོང་རྟགས22། རྒྱལ་ཁབ་ས་བབ་མཚོན་བྱེད་ཀྱི་ཞིང་ལས་ཐོན་རྫས་ཐོ་འགོད་སྲུང་སྐྱོབ་ཐོབ་པའི་ཞིང་ལས་ཐོན་རྫས14བཅས་ཡོད་ལ། ཐོན་རྫས110ད་དུང«རྒྱལ་ཡོངས་ཀྱི་ས་ཁོངས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཞིབ་བཤེར་ཐོ་འགོད་ཀྱི་མིང་ཐོར»ཚུད་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག