མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཏུང་ཞིང་ཆེན་དུ་སོང་ནས་ཁ་གཏད་རོགས་སྐྱོར་བྱ་བ་ཡར་ཞུ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཏུང་དུ་སོང་ནས་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ཁ་གཏད་རོགས་སྐྱོར་བྱ་བ་ཡར་ཞུ་བྱས་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་ཡོང་བའི་ན་གཞོན་ལས་བྱེད་པའི་ཁྱིམ་མི་ལ་འཚམས་འདྲི་བྱས་ཤིང་། ཧྲན་ཏུང་ཞིང་ཆེན་ལེའོ་ཁྲིན་གྲོང་ཁྱེར་དང་། པེན་ཀྲིག་གྲོང་ཁྱེར། ལིན་ཞི་གྲོང་ཁྱེར། ཝེ་ཧེ་གྲོང་ཁྱེར་བཅས་ལ་བཀའ་དྲིན་ཞུས་པ་མ་ཟད་གོ་རིམ་རྗེས་མའི་རོགས་སྐྱོར་མཉམ་ལས་བྱ་བའི་ཐད་ནས་འབྲེལ་འདྲིས་བྱས།

ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཅང་ཡུས་ཁང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་གོ་ཧྲུའུ་ཆིན་གཉིས་ཀྱིས་ཅི་ནན་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།

ཅང་ཡུས་ཁང་གིས་བཤད་རྒྱུར། མཚོ་བྱང་ཁུལ་གྱིས་རང་རྒྱལ་གྱི་ཉིང་རྡུལ་ལས་དོན་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་ཆེན་པོ་བཞག ཧྲན་ཏུང་ཞིང་ཆེན་གྱིས་ཀྱང་མཚོ་བྱང་ཁུལ་གྱི་བྱ་བ་དེ་ཧྲན་ཏུང་ཞིང་ཆེན་རང་ཉིད་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་བརྩི་བ་དང་། མཚོ་བྱང་ཁུལ་གྱིས་བླངས་པའི་གྲུབ་འབྲས་དེ་ཧྲན་ཏུང་རང་ཉིད་ཀྱི་གྲུབ་འབྲས་ཤིག་ཏུ་བརྩིས་ཡོད། མཚོ་བྱང་ཁུལ་གྱིས་ད་ཡོད་ཀྱི་རྨང་གཞིའི་སྟེང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་དངོས་འབེབས་བཟང་བོ་བྱས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། དཔལ་འབྱོར་སྤྱི་ཚོགས་སྔར་ལས་འཕེལ་རྒྱས་སུ་གཏོང་བར་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག