མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་རྒྱལ་ལམ་དང་ཞིང་ཆེན་རིམ་པའི་ལམ་ཚད་ལྡན་ཏུ་འཛུགས་སྐྲུན་བྱས་ནས་རྒྱུ་སྤུས་ཇེ་ལེགས་སུ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ3940ཡོད་པའི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ21འཛུགས་སྐྲུན་ཁྲོད། གཏིང་ཟབ་པའི་སྒོ་ནས་གཞུང་ལམ་འཛུགས་སྐྲུན་དོ་དམ་ཇེ་མཐོར་གཏོང་བའི་ལོའི་བྱ་འགུལ་སྤེལ། ཁྱོན་ཡོངས་ནས་ཚད་ལྡན་གྱིས་འཛུགས་སྐྲུན་བྱས་པ་བརྒྱུད། ནུས་ཡོད་སྒོས་མཚོ་སྔོན་གྱི་གཞུང་ལམ་བཟོ་སྐྲུན་འཛུགས་སྐྲུན་རྒྱུ་སྤུས་དང་ལས་རིགས་ཁྲོད་དཔལ་ཡོན་འཛུགས་སྐྲུན་གྱི་སྣང་བརྙན་མཚོན་ཡོད།

འགྲིམ་འགྲུལ་ཐིན་གྱིས་གཞུང་ལམ་འཛུགས་སྐྲུན་རྒྱུ་སྤུས་ལ་ལྟ་ཞིབ་བྱས་པའི་མཇུག་འབྲས་ལྟར་ན། ད་ལོར་ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་ཚད་ལྡན་ཡིན་ཚད96.4%དང་ལམ་ངོས་བཟོ་སྐྲུན་ཚད་ལྡན་ཡིན་ཚད95.7%ཡིན་ལ། དེ་སྔོན་ལོ་དང་བསྡུར་ན་སོ་སོར1%དང0.5%འཕར། ཟམ་པའི་བཟོ་སྐྲུན་ཚད་ལྡན་ཡིན་ཚད89.8%དང་ཕུག་ལམ་བཟོ་སྐྲུན་ཚད་ལྡན་ཡིན་ཚད98.4%ཡིན་ལ། དེ་སྔོན་ལོ་དང་བསྡུར་ན་སོ་སོར1.2%དང5%འཕར་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག