མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-28 12:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་རྩོམ་རིག་སྒྱུ་རྩལ་ལས་རིགས་ལྷན་ཚོགས་བྱ་བའི་གྲོས་ཚོགས་སྤྱི་ཟླ12པའི་ཚེས27ཉིན་གྱི་སྔ་དྲོར་ཟི་ལིང་ནས་བསྡུས།

ཚོགས་ཐོག་ནས། ཡུལ་ཤུལ་ཁུལ་དང་མཚོ་ནུབ་ཁུལ། ཟི་ལིང་གྲོང་ཁྱེར་སོགས་ཀྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིས་སོ་སོར་ཉེ་བའི་ལོ་འགའི་རིང་གི་བྱ་བའི་གནས་ཚུལ་དང་བྱ་བའི་ཉམས་མྱོང་གི་ཐད་ནས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། རྒྱལ་ཡོངས་ཀྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ་པའི་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། རྒྱལ་ཡོངས་ཀྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བྱ་བའི་ཕུལ་བྱུང་ཐུན་མོང་གི་མཚན་སྙན་ཐོབ་པའི་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། རྒྱལ་ཡོངས་ཀྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བྱ་བའི་ཕུལ་བྱུང་མི་སྒེར་གྱི་མཚན་སྙན་ཐོབ་པའི་མཱ་ཡུས་པའོ་བཅས་ལ་གཟེངས་བསྟོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག